བོད་ཀྱི་གཏམ་དཔེ།
ཆབ་སྤེལ་ཙེ་བརྟན་ཕུན་ཚོགས། གཏམ་མཛོད་མེས་པོའི་ཞལ་རྒྱུན། 2011-03-16
༡ཀ་བ་ལ་འཇག་མའི་ལྷན་པ།༢ཀོ་བ་གཅིག་ནས་དྲས་པའི་རྒྱུན་བུ།༣དཀའ་ལས་རྒྱག་པའི་དཀའ་ཆང་།མཛོ་ཕོ་བསད་པའི་སྡིག་གླ།༤དཀར་པོ་གྱེན་འདེད།ནག་པོ་ཐུར་འདེད།༥དཀར་ཡོལ་ཆག་ཀྱང་།རི་མོ་བློ་ལ་ངེས།༦དཀོན་གཉེར་ཕྱིས་དར་མཁས་ན།གསེར་སྐུ་རག་ལ་གཏོང་འོངས།༧བཀའ་རྡོ་རྗེ་གཅོད་པ།གསུང་སྤུ་གྲི་ངར་མ།༩རྐང་པ་ས་ལ་མ་ཚུགས་པར།མགོ་བོས་གནམ་བརྟོལ་རྒྱུ།༡༠རྐང་པ་ཕར་བརྐྱངས།ཉི་མ་ཚུར་བསུ།༡༡རྐང་པ་གཅིག་ལ།ཚེར་མ་བརྒྱ་ཟུག ༡༢རྐང་འོག་གི་རྡེའུ།དཔྲལ་བར་འཕར་བ།༡༣རྐུ་མ་ཁ་སྐྱེངས་ཀྱིས་མི་གསོད།༡༤རྐུ་མ་ནང་ལ་བཞགསྒོ་ལྕགས་ཕྱི་ལ་བརྒྱབ།༡༥རྐྱང་ལ་རྔོ་ཤོར་ན།རི་དྭགས་ཀྱང་རྫད།༡༦སྐམ་པོའི་ཕྱག་རྒྱ་དེ།རློན་པའི་ཆུ་ནང་དུ་མི་ཡོང་།༡༧སྐུ་ཉི་མའི་ནང་ལ་བཞུགས་ནས།གསུང་གྲིབ་མའི་ནང་ལ་མ་འབྱོན།༡༨སྐེ་འདི་ལས་ཕྲ་ན་ཡི་དྭགས།གནས་འདི་ལས་དམའ་ན་དམྱལ་བ།༡༩སྐེ་འདོད་ནས་ལྦ་བ་མི་འདོད་པ།༢༠སྐེ་ཡན་གྱི་སྐད་ཆ།༢༡སྐྱ་ཀ་ཀྲ་མོའི་ཚང་ནང་ནས།མ་ཁྲ་བུ་དཀར་ཡོང་དོན་མེད།༢༢སྐྱུགས་བྲོ་ཡང་ཨ་ཕའི་ལྟོ་ཕོར།༢༣སྐྱུར་མོ་གཅིག་དང་མ་འཕྲད་ན།མངར་མོ་ཐམས་ཅད་ཅང་ཅང་ཡིན།༢༤སྐྱེ་ཐེངས་གཅིག་ལ་འཆི་ཐེངས་གཉིས།༢༥བརྐྱངས་ན་མདའ་ཉན་པ།བཀུག་ན་གཞུ་ཉན་པ།༢༦ཁ་སྟོང་ནང་གི་ལྕེ་སྟོང་།༢༧ཁ་བདག་མེད་ནང་ནས་ཚིག་ཚོད་མེད་འབུད།༢༨ཁ་བདེ་མོ་ཨ་འུ་ནེ་ཙོ།མགོ་བདེ་མོ་རྩངས་པ་སྐྱ་ལེབ།༢༩ཁ་ནང་གི་རྨ།ཁ་ནང་དུ་གསོ།༣༠ཁ་ནས་ཚིག་ཤོར་ཡུ་བ་ཐུང་།༣༡ཁ་གནམ་ལ་གདངས།རྐུབ་ཕོ་རོག་གིས་བྲུས།༣༢ཁ་ཕར་འཁོར་ཌ་རུ་ངོ་གཉིས།ཁ་ཚུར་འཁོར་ཕུར་པ་ཟུར་གསུམ།༣༣ཁ་སྦྲང་རྩི།ཁོག་ཚེར་མ།༣༤ཁ་མ་ཐུག་གོང་ལ་རྣ།༣༥ཁ་ཡིས་བཤད་ན་ལྷ་བཞེངས།ལག་ལ་བཞག་ན་སྣབས་ལུག ༣༦ཁ་ལ་མར་ཟོས་ནས།རྐན་ལ་རུས་པ་ཟུག༣༧ཁ་ལ་ཕུད་ན་སྨན།ཁོག་ལ་བཅུག་ན་དུག ༣༩ཁ་ཤའི་པགས་པ།གང་ལ་འཐེན་འཐེན།༤༠ཁ་ཤས་བླ་མ་བསམ།ཁ་ཤས་ཚོགས་འཁོར་བསམ།༤༡ཁ་བཤད་ཀྱི་ཉིམ་ཤར།ལག་ལེན་ལ་མུན་པ་རུབ།༤༢ཁ་ཡི་དེ་བཞིན་གཤེགས་པས།ལུས་ཀྱི་སྒྲིབ་པ་མི་དག ༤༣ཁམ་བུ་ཟ་མ་འདོད་པར།སྐྱུར་ལ་སྙད་འདོགས།༤༤ཁོག་ནང་མེ་འབར་ཡང་།སྣ་ནས་དུ་བ་མ་ཐོན།༤༥ཁྱི་རྒན་རྩིག་ཁུག་ལ་བཀར་ན།མཆེ་བ་མི་གཙིགས་ཀ་མེད།༤༦ཁྱི་དང་ཉེ་ན།རྨ་དང་ཉེ།༤༧ཁྱི་དང་སེང་གེ་འཛིངས་པ་ན།སེང་གེ་རྒྱལ་ཡང་སེང་གེ་ཕམ།༤༨ཁྱི་སྨྱོ་ཡང་བདག་པོ་ངོ་ཤེས།༤༩ཁྱི་འཛིངས་ཀྱང་།ཁྱི་ལྤགས་འཐོར་མི་རུང་།༥༠ཁྱི་ལ་སེང་གེའི་མིང་བཏགས།