སེམས་ཅན་ཟགས་ཞེས་པ།

        2017-05-08

སྔོན་རྒན་རྒོན་གཉིས་ལ་གླང་ཞིག་ཡོད།རྐུན་པོ་ཞིག་གིས་དེ་བརྐུ་བར་སོང་ནས་གདུང་མའི་སྟེང་དུ་ཡིབས་སྟེ་བསྡད།དེ་ནས་སྟག་གཅིག་ཀྱང་དེ་གར་འོངས་ནས་གདུང་མ་དེའི་འོག་ཏུ་བསྡད།དེ་ནས་ནམ་མཁའ་ལ་སྤྲིན་འཁྲིགས་ཏེ་མུན་པ་འཐིབས་ནས་རྒད་མོས།དོ་ནུབ་རྐུན་མ་མི་ཡོང་ངམ།ཞེས་བཤད།རྒད་པོས།གནམ་བདག་ཡོང་ཡང་མི་སྐྲག་ས་བདག་ཡོང་ཡང་མི་སྐྲག་ཟགས་ཡོང་ན་འཇིགས་ཞེས་ཟེར། རྐུན་མ་དང་སྟག་གི་བསམ་པ་ལ་རྒད་པོའི་ཟེར་ལུགས་ལྟར་ན།ཟགས་ཞེས་པ་དེ་སུ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ཡོང་རྒྱུ་ཡོད་པར་ངེས།དེ་རང་མི་ཡོང་ངམ་སྙམ་སྟེ་སྐྲག་ནས་སྡོད་པའི་ཚེ།ཡུད་ཙམ་ཞིག་ནས་སྲོད་ཀྱི་མུན་ནག་སངས་པ་ན་རྐུན་མས་སྟག་ཡོད་པ་མཐོང་ནས་སྐྲག་སྟེ་སྟག་གི་སྟེང་དུ་གཅིན་པ་ཤོར།སྟག་དེས་ཀྱང་མི་དེ་མཐོང་ནས།ཟགས་ཟེར་བའི་འཇིགས་སུ་རུང་བ་དེ་སླེབས་བྱུང་སྙམ་སྟེ་ཤིན་ཏུ་སྐྲག་ནས་བྲོས་པས་སྙིང་གས་པར་གྱུར།།༼ལེགས་བཤད་ཀྱི་གཏམ་རྒྱུད་ཕྱོགས་བསྒྲིགས་ལས་དྲངས།༽

  • ལེ་ཚན་སྔོན་མ།:ཞྭ་མོ་གྱང་གི་ཕྱི་ལ་གཡུག་དགོས།
  • ལེ་ཚན་རྗེས་མ།: ཕ་ཝང་གིས་རྒྱལ་པོ་བྱེད་འདོད་པ།