ཚེ་རིང་དབང་རྒྱལ་གྱི་ལོ་རྒྱུས་མདོར་བསྡུས།

ཚེ་རིང་དབང་རྒྱལ་    དཀར་མཛེས་ཉིན་རེའི་ཚགས་པར་ལས་དྲངས།    2010-04-26

ཚེ་རིང་དབང་རྒྱལ་ལགས་ནི་སྤྱི་ལོ༡༩༥༥ལོར་མདོ་ཁམས་ཏྲེ་ཧོར་རོང་པ་ཚ་ཞེས་པའི་ཡུལ་གྲུ་རུ་སྐྱེས།ལོ་དགུའི་ཐོག་མཁས་དབང་བསོད་ནམས་རྒྱ་མཚོའི་མདུན་ནས་ཡི་གེ་ཀློག་ཡང་དག་དང་།༡༩༨༢ལོར་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ཏེ་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་བསྟེན་ཅིང་མདོ་སྔགས་རིག་གནས་དང་བཅས་པ་ལ་རྣ་ཐོས་ཡོད་ཙམ་བག་ཆགས་བཞག ༡༩༨༦ལོར་ཁམས་ཁུལ་སློབ་ཆེན་དུ་དགེ་རྒན་གྱི་ལས་གྲལ་ཞུགས་ནས་ད་ཕན་སློབ་མ་བརྒྱ་ཕྲག་དུ་མ་ལ་ཐུན་མོང་རིག་གནས་ཀྱི་སྐོར་སོགས་ཁྲིད་ཁུལ་བྱས།༡༩༩༦ལོའི་བར་ལྷོ་ནུབ་མི་རིགས་སློབ་གླིང་དུ་ཟབ་སྦྱོང་དང་།དཀར་མཛེས་ཁུལ་གྱི་གླིང་གེ་སར་གྱི་རྟོགས་བརྗོད་ཞལ་ཐང་ཆིག་སྟོང་ལྔ་བརྒྱ་ཡས་མས་ཀྱི་འཆར་འགོད་པ་གཙོ་གྲས།སྔ་གཞུག་ཏུ་སྡེ་དགེའི་པར་ཁང་དུ་བཞུགས་པའི་ས་དགེ་བཀའ་རྙིང་གི་དམ་པ་རྣམས་ཀྱི་གསུང་འབུམ་དཀར་ཆག་གཙོས་ཁྱོན་པོད་བརྒྱ་ལྷག་ཙམ་ལག་བྲིས་བགྱིས།༢༠༠༣ལོར་སློབ་དཔོན་ཆེན་མོ་གཞོན་པའི་ཐོབ་ཐང་བླངས།༡༩༩༨ལོ་ནས་ད་ལྟའི་བར་བོད་ཀྱི་ཡིག་གཟུགས་མ་ཕྱི་དང་དགེ་ཆོས་ཀྱི་རྣམ་ཐར་སོགས་བརྩམས་ཏེ་དཔེ་བསྐྲུན་དང་།དཔྱད་རྩོམ་བཅུ་ལྷག་དུས་དེབ་དུ་མའི་ཐོག་ཏུ་བཀོད།གཞན་ཡང་ལྷ་རྒྱལ་དགོན་དང་མདོ་ཁམས་ཏྲེ་ཧོར་རོང་པ་ཚ་བའི་ལོ་རྒྱུས་སོགས་བརྩམས།རྩོམ་རིག་དང་ཡིག་གཟུགས་སོགས་ལ་ཞིང་ཆེན་དང་ཁུལ་རིམ་པའི་བྱ་དགའ་ཐེངས་ཉི་ཤུ་ཙམ་ཐོབ།།
  • ལེ་ཚན་སྔོན་མ།:སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ལགས་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:གུར་དགའ་རིན་པོ་ཆེ—སྨག་རུམ་སྟུག་པོའི་ཁྲོད་ཀྱི་གཟིམ་མེད་ཀྱི་མར་མེ་ཀོང་གཅིག
  • དོ་སྣང་ཆེ་བའི་རྩོམ།