སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་གྲོས་གཞི་ལས་ཀའི་གྲོས་ཚོགས་འཚོགས།

གངས་སྐྱིད་དང་ཡེ་མགོན་ནས།        2011-01-14

 ཟླ་བ་དང་པོའི་ཚེས10ཉིན་གྱི་སྔར་དྲོར།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་གྲོས་གཞི་ལས་ཀའི་གྲོས་ཚོགས་འཚོགས།ཐེངས་འདིའི་ཚོགས་འདུ་འཚོགས་ཚུན་སྲིད་གྲོས་ཨུ་ཡོན་གྱིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་དང་།དམངས་འཚོ་ལེགས་བཅོས།བརྟན་བརླིང་འཚོ་སྲུང་བྱ་རྒྱུ་སོགས་ཁུལ་ཡོངས་ཀྱི་ལས་སྒྲུབ་ཁྱོན་ཡོངས་དང་འབྲེལ་བའི་གལ་འགངས་ཆེ་བའི་གནད་དོན་ལ་དམིགས་ཏེ་དགེ་མཚན་ལྡན་པའི་གྲོས་གཞི་མང་པོ་བཏོན་ཡོད།ཟླ་བ་དང་པོའི་ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད8ཐོག་སླེབས་དུས།ཚོགས་ཆེན་གྱི་གྲོས་གཞི་ཚོ་ཆུང་གིས་ཁྱོན་བསྡོམས་གྲོས་གཞི118བསྡུས་ལེན་བྱས་ཡོད།དེའི་ནང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུའི་ཐད་གྲོས་གཞི26དང་།སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་ཐད་གྲོས་གཞི33།སྲིད་ཁྲིམས་དང་།དམངས་སྲིད།ངལ་རྩོལ་མི་དོན།འཐབ་ཕྱོགས་གཅིག་གྱུར་སོགས་ཀྱི་ཐད་གྲོས་གཞི32།ཕྱོགས་གཞན་དག་གི་ཐད་གྲོས་གཞི27བཅས་ཡོད་པ།
     ཐེངས་འདིའི་ཚོགས་ཆེན་ཐོག་འབྱོར་བའི་གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་པོ་ཡིན་ཞིང་།དཔལ་འབྱོར་འཛུགས་སྐྲུན་དང་།སྤྱི་ཚོགས་འཕེལ་རྒྱས།སྐྱེ་ཁམས་འཛུགས་སྐྲུན།འཐབ་ཕྱོགས་གཅིག་གྱུར་ལས་ཀ།ཕྱོགས་བསྡུས་བདག་སྐྱོང་སོགས་འདུས་ཡོད།དེ་ཡང་གཙོ་བོ་ནི་ཉག་ཆུ་ཆུ་རྒྱུད་ཀྱི་ཆུ་གློག་ཐོན་ཁུངས་གསར་སྦོལ་བྱེད་ཚད་མགྱོགས་སུ་གཏོང་རྒྱུ་དང་།འབྲི་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་དོ་མཉམ་ཡོང་བར་ཁ་གསབ་མ་དངུལ་སྤྲོད་རྒྱུའི་ནང་རྐྱེན་འཛུགས་རྒྱུ།སྨན་བཅོས་འཕྲོད་བསྟེན་གྱི་མཁས་ཅན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱེད་ཚད་མཐོ་རུ་གཏོང་རྒྱུ།གཞི་རིམ་ལས་བྱེད་པའི་དཔུང་སྡེ་བསྐྲུན་པར་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ནང་དོན་གཏོགས་ཡོད།
     ཐེངས་འདིའི་ཚོགས་ཆེན་མཇུག་སྒྲིལ་རྗེས་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་རིམ་པ་བགོས་ཏེ་འབྱོར་བའི་གྲོས་གཞི་ནི་འགན་ཁུར་བ་དང་ཁོངས་སྒྲིལ་ཐག་གཅོད་བྱ་རྒྱུའི་རྩ་དོན་ལྟར་ཁག་འབྱེད་དེ་ཁུལ་ཨུ་དང་།ཁུལ་དམངས་ཆེན།ཁུལ་སྲིད་གཞུང་གི་གཞུང་ལས་ཁང་དང་འབྲེལ་ཡོད་སྡེ་ཁག་ཏུ་བསྐྱལ་ནས་ཐག་གཅོད་བྱེད་རོགས་ཞུ་རྒྱུ་རེད།དུས་མཚུངས་སུ།གཙོ་གནད་ཀྱི་གྲོས་གཞི་ལེགས་འདེམས་ནན་ཏན་བྱས་རྗེས་དུས་ཐོག་ཏུ་ཁུལ་སྲིད་གྲོས་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པས་འགན་བཞེས་ཤིང་ལྟ་སྐུལ་བྱས་ནས་ཐག་གཅོད་བྱ་རྒྱུར་སྐྱེལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཐུན་མོང་དུ་རྒྱལ་དོན་གྲོས་མོལ་བྱས་ཤིང་འཕེལ་རྒྱས་གཏོང་ཐབས་འཚོལ་ཞིབ་བྱེད་པ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་གཟབ་རྒྱས་ངང་མཇུག་བསྒྲིལ་
  • དོ་སྣང་ཆེ་བའི་རྩོམ།