དཀར་མཛེས་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་གཟབ་རྒྱས་ངང་མཇུག་བསྒྲིལ་བ།

ཀུན་དགའ་དང་བདེ་ཆེན།མིག་དམར།        2011-01-17

དཀར་མཛེས་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་གཟབ་རྒྱས་ངང་མཇུག་བསྒྲིལ་དཀར་མཛེས་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་གཟབ་རྒྱས་ངང་མཇུག་བསྒྲིལ་



ཐེངས་འདིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ལག་བསྟར་ཀྲུའུ་ཞི་འགྱུར་མེད་ཀྱིས་གཙོ་འགན་བཞེས།

ཐེངས་འདིའི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཏའོ་ཕིང་དང་།འགྱུར་མེད།ཀྲོའུ་ཝུན་མང་།མ་ཧུང་ཧོ།རྟ་མགྲིན་ནོར་བུ།ལི་ཆི་ཧྥུ།ཀའོ་ཐེན་ཧྥུ།ཕན་དབྱིང་ཆོན།ཧུའུ་ཏེ་མིང་།དྲུང་ཡིག་ཆེན་མོ་ཧོང་ཅིན་ཡོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།ཐེངས་འདིའི་ཚོགས་ཆེན་ནང་ཞུགས་དགོས་པའི་འཐུས་མི283  ཡོད་པ་དང་།དངོས་སུ་ཞུགས་པའི་འཐུས་མི236ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཚོགས་ཆེན་གྱིས་སྲིད་གཞུང་ལས་ཀའི་སྙན་ཞུ་སྐོར་གྱི་འཆར་ཟིན་བརྡས་ཐག་བཅད་པ་བརྒྱུད་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་སྐོར་གྱི་གྲོས་ཆོད(འཆར་ཟིན)དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ལས་དོན་གྱི་ཁྲིམས་སྲོལ་(འཆར་ཟིན)གྱི་ གྲོས་ཆོད(འཆར་ཟིན)དཀར་མཛེས་བོད་རིགས་རང་སྐྱོང་ཁུལ《སི་ཁྲོན་ཞིང་ཆེན་ཡུལ་སྐོར་ལྗོངས་རྒྱུ་སྐོར་གྱི་སྲོལ་ཡིག》བབ་བསྟུན་བསྒྱུར་བཅོས་ཀྱི་ལག་བསྟར་ཐག་གཅོད་(འཆར་ཟིན)གྱི་གྲོས་ཆོད(འཆར་ཟིན)འཆར་གཞི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་ནོར་སྲིད་སྙན་ཞུ་སྐོར་གྱི་གྲོས་ཆོད།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམས་བྱས་པ་རེད།
འགྱུར་མེད་ཀྱིས་གསུང་རྒྱུར། ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་ནི་འཐུས་མི་ཡོངས་དང་ཚོགས་ཆེན་ནང་ཞུགས་པའི་བློ་མཐུན་རྣམས་ཀྱིས་མཉམ་དུ་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ལེགས་འགྲུབ་བྱུང་བ་རེད།ཚོགས་འདུ་འཚོགས་པའི་སྐབས་སུ། འཐུས་མི་རྣམས་ཀྱིས་ཁུལ་ཡོངས་ཀྱི་མི་དམངས་རྣམས་ཀྱི་རེ་བ་སེམས་ཁོང་དུ་བཅངས་ནས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཀྱི་འདུ་ཤེས་དང་བདག་པོའི་སྙིང་སྟོབས་ཀྱི་ཐོག་ནས་སྙན་སེང་ཁག་ལ་ནན་ཏན་གྱི་གྲོས་ཞིབ་བྱས་ནས་གྲོས་ཞིབ་དང་བསམ་འཆར་བཏོན་པ་དང་།མི་དམངས་ཀྱིས་སྤྲད་པའི་མཆོག་ཏུ་གྱུར་པའི་ལས་འགན་ནན་ཏན་གྱིས་ལག་བསྟར་བྱས་པ་རེད།
འགྱུར་མེད་ཀྱིས་བསྟན་དོན།  2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ90འཁོར་བ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ཡག་པོ་མགོ་རྩོམ་པའི་ལོ་ཞིག་ཀྱང་ཡིན། 2010ལོ་ནི་ཁུལ་དབུ་བཪྙེས་ནས་ལོ་དྲུག་བཅུ་འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དམིགས་འབེན་གྲུབ་པ་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་གཞི་བཟོ་བྱས་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགོ་ཁྲིད་འོག   ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་པ་གསུམ”གྱི་དགོངས་པ་གལ་ཆེན་གྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་ལག་བསྟར་གཏིང་ཟབ།ཕྱོགས་ཡོངས་ནས་ཁུལ་ཨུ་དང་ཁུལ་དམངས་ཆེན་གྱི་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ།ཁུལ་ཡོངས་ཀྱི་ལས་ཀ་སྤྱི་ཁྱོན་དམ་པོར་དམིགས་པ།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་དོ་དམ་བསྒྲུབས་པ།ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་རང་ཁུལ་གྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།
འགྱུར་མེད་ཀྱིས་གསུངས་དོན།
ཡང་ལོ་གཅིག་གི་དཔྱིད་འགོ་ཚུགས་པའི་དུས་སུ་སླེབས་པས།མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུའི་བཅོང་བརྡ་དེ་དཀར་མཛེས་ཁུལ་ཡོངས་སུ་ཁྱབ་ཅིང་ཡུན་རིང་བདེ་འགོད་བྱ་རྒྱུའི་དཔྱིད་རླུང་དེ་ཁམས་པའི་གངས་ལྗོངས་མཐོ་རུ་ལྡང་བ།ང་ཚོས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྲ་བརྟན་འགྱུར་མེད་ཀྱིས་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ཤིང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་པ་གསུམ་”གྱི་དགོངས་པ་གལ་ཆེན་གྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་མཐར་ཕྱིན་པ་བྱས་ནས་བདེན་འཚོལ་དང་དངོས་དོན་སྒྲུབ་པ།སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་ཤིང་།དཀར་མཛེས་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱ་རྒྱུར་འགོ་ཡག་མོ་ཞིག་བརྩམས་ནས་དཀར་མཛེས་ཁུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་ཞིང་།ཁུལ་ཡོངས་ཀྱི་མི་དམངས་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་འབད་པ་ཆེར་སྐྱེད་ཀྱིས་བྱས་རྗེས་གསར་པ་འཇོག་དགོས།
ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ལེགས་འགྲུབ་ངང་མཇུག་བསྒྲིལ་བ་རེད།
ཁུལ་གྱི་ཚོ་པ་ཆེན་ལྔའི་འགོ་ཁྲིད་ལི་ཁྲང་ཕིང་དང་།ཨ་རྒྱས་ཕན་ཚོགས།ཝང་ཡ་ཀོང་།ལི་ཁང་།དབྱི་ཧྥན།ཏོན་དབྱི་ཅུན།ལིའུ་ཕིང་།ཨ་རྡོ།ཞིའུ་པིང་།བྱམས་ཆུབ།ཀྲང་ཕིང་སན།ཧྲུའུ་ཏ་ཁྲུན་སོགས་དང་། དྲག་ཆས་ཉེན་རྟོག་དམག་དཀར་མཛེས་རུ་ཁག་དང་ཁུལ་རིམ་པའི་འགོ་ཁྲིད་ཀྱི་ལས་འགན་ཁུར་མྱངས་པའི་བློ་མཐུན་རྒན་པ་ཁག་གཅིག་གདན་ཞུ་ལྟར་ཚོགས་ཆེན་ནང་ཞུགས་ཡོད་པ་རེད།
 

  • ལེ་ཚན་སྔོན་མ།:སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་གྲ
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་
  • དོ་སྣང་ཆེ་བའི་རྩོམ།