ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས།

སྐལ་ཐུབ་དང་མིག་དམར་གྱིས་གནས་ཚུལ་བཀོད་ཅིང་པར་བླངས།        2014-02-27

ཟླ་བ2པའི་ཚེས26ཉིན། ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་རེད། ཚོགས་ཆེན་ལ་ཡོང་དགོས་པའི་འཐུས་མི286ཡིན་ཞིང་དངོས་སུ་འབྱོར་བའི་འཐུས་མི261ཡིན་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལི་ཁང་དང་། བྱམས་བློ། ཏོན་ནེ་ཁེ། ལི་ཀྲི་མིང་། ལིའོ་ཚའེ་ཁུན། དབྱང་གོ་ཡོན། ཁྲེན་ཏེ་ཀུའེ། ཁང་ཀོང་ཡིའུ། ལེ་ཅན་ཕིང་། ཏུའུ་ཏེ་ཆིང་། ཧོ་ཞའོ་ཁྲུན། ཧོ་ཁང་ལིན། དབང་འདུས། ཀྲང་ཡུང་ཏེ། ཝང་མིང་ཝུའུ་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཤིང་ལི་ཀྲི་མིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།
    གྲོས་ཚོགས་ཐོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་སེང་ཞུས་པ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་སེང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སེང་ཞུས་པ་རེད།
    ལི་ཁང་གིས་སྙན་སེང་ཞུ་དུས་གསུངས་རྒྱུར། 2013ལོར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཨུའི་འགོ་ཁྲིད་འོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་ཁྲིད་སྟོན་བྱས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ནས། ལྟེ་བའི་ལས་ཀར་དམིགས་ཤིང་སྤྱི་ཡོངས་ལ་ཞབས་ཞུ་བྱས་ཏེ་ས་གནས་དབང་ཆའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་རྒྱུན་ཆད་མེད་པར་དམངས་ཆེན་ལས་ཀ་མདུན་དུ་འཕེལ་རྒྱས་བཏང་ཡོད། སྲོག་ཤིང་རྒྱུན་འཁྱོངས་བྱས་ཤིང་ཁ་ཕྱོགས་གསལ་པོར་བཟོ་ཡོད་པ་དང་། ཁྲིམས་ལྟར་ཁུལ་སྐྱོང་བར་འཇོན་ནུས་བཏོན་ཡོད། ལྟ་སྐུལ་ལས་ཀར་ཕན་འབྲས་ཐོན་ཞིང་འཐུས་མིའི་ལས་ཀར་ཁྱད་ཆོས་མངོན་གསལ་ལྡན་ཞིང་། ཁྲིམས་ལྟར་འགན་ནུས་སྒྲུབ་པར་གསར་སྐྲུན་བྱ་རྒྱུར་མཐོང་ཆེན་བྱས་ཤིང་། མང་ཚོགས་ལས་ཀར་གྲུབ་འབྲས་ཐོབ་ཐབས་བྱས་པ་དང་རང་ཉིད་འཛུགས་སྐྲུན་ཚད་ལྡན་དུ་ཅན་དུ་བཏང་ཡོད།
    ལི་ཁང་གིས2014ལོའི་ལས་ཀར་བཀོད་སྒྲིག་བྱེད་པའི་ཚེ་གསུངས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ལ་བཀོད་སྒྲིག་བྱས་ཡོད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་སྐུལ་འདེད་བཏང་ནས་དུས་བསྟུན་མདུན་སྐྱོད་བྱ་རྒྱུར་བླང་བྱ་བཏོན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་བྱ་རྒྱུར་ཁྲིད་སྟོན། ལས་ཀར་སྐུལ་འདེད་གཏོང་དགོས། ཁུལ་ཨུས་འགོ་ཁྲིད་གནང་འོག་ཁུལ་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པའི་སྙིང་དོན་ལག་ལེན་གཏིང་ཟབ་ཅིང་མཐར་ཕྱིན་བསྟར་ཞིང་། མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ་དང་ཁྲིམས་སྐྱོང་དཀར་མཛེས་ཁུལ་འཛུགས་སྐྲུན་སོགས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ས་གནས་ཀྱི་དབང་ཆ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། ཡང་དག་པའི་ཆབ་སྲིད་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་འཛིན་པ། ཕྱོགས་གང་ཅིའི་ནུས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་དཀར་མཛེས་ཁུལ་འཕེལ་རྒྱས་དང་ཡར་ཐོན་གོང་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་དྲང་ནུས་སྟོབས་ཆེན་ཞིག་ཆགས་པར་བྱས་ཏེ། རྒྱུན་ཆད་མེད་པར་དམངས་ཆེན་ལས་ཀར་སྐུལ་འདེད་གཏོང་དགོས། 
  • ལེ་ཚན་སྔོན་མ།:ཧུའུ་ཁྲང་ཧྲེང་གིས་ཆོས་ལུགས་ལས་རིགས་ཚོ་ཆུང་གིས་གྲོས་བསྡུར་བྱེད་སའི་ནང་ཞུགས་སྐབས་གསུངས་དོན།
  • ལེ་ཚན་རྗེས་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོག
  • དོ་སྣང་ཆེ་བའི་རྩོམ།