ཧུའུ་ཁྲང་ཧྲེང་གིས་ཆོས་ལུགས་ལས་རིགས་ཚོ་ཆུང་གིས་གྲོས་བསྡུར་བྱེད་སའི་ནང་ཞུགས་སྐབས་གསུངས་དོན།

ཡེ་ཤེས་མགོན་པོ།        2014-02-27

 ཧུའུ་ཁྲང་ཧྲེང་གིས་ཆོས་ལུགས་ལས་རིགས་ཚོ་ཆུང་གིས་གྲོས་བསྡུར་བྱེད་སའི་ནང་ཞུགས་སྐབས་གསུངས་དོན།

ཟླ་བ2པའི་ཚེས25ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་མཁན་ཆོས་ལུགས་ལས་རིགས་ཚོ་ཆུང་གི་གྲོས་བསྡུར་བྱེད་སར་ཞུགས་པ་རེད། ཁོང་གིས་གསུངས་རྒྱུར།ང་ཚོ་ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་ནུས་ཤུགས་ཤིག་ཏུ་གྱུར་པ་བྱེད་ན།དཀར་མཛེས་ཁུལ་གྱི་འཆམ་མཐུན་འཕེལ་རྒྱས་ལ་ཡུན་རིང་མི་དགོས་པར་མངོན་འགྱུར་རེ་ཡོད་པ་རེད།
    ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོས་གཏམ་བཤད་བྱས་པར་གསན་རྗེས།ཧུའུ་ཁྲང་ཧྲེང་གིས་ཚང་མར་ཁུལ་ཡོངས་ཀྱི་འགྲིམ་འགྲུལ།ནུས་པའི་འབྱུང་ཁུངས།སློབ་གསོ།འཕྲོད་བསྟེན་སོགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ།ཁྲིམས་སྐྱོང་གིས་དཀར་མཛེས་ཁུལ་འཛུགས་སྐྲུན་བྱས་ཚུལ་ངོ་སྤྲོད་བྱས་པ་རེད། ཁོང་གིས་གསུངས་རྒྱུར།མང་ཚོགས་ལས་ཀ་སྤེལ་བ་ནས་བཟུང་།བློ་སེམས་མཉམ་གཏད་ཀྱི་བྱེད་སྒོ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད།ད་ལོར་ང་ཚོས་མུ་མཐུད་ནས་བློ་སེམས་མཉམ་གཏད་བྱེད་སྟངས་འདི་སྔོན་ཆད་ཀྱི་སྟབས་བདེའི་འབྲེལ་བ་བྱེད་སྟངས་ནས་ལྷག་བསམ་ཟོལ་མེད་ཀྱིས་སྙིང་གཏམ་བཤད་པའི་ཕྱོགས་སུ་སྒྱུར་གང་ཐུབ་བྱེད་དགོས།ང་ཚོས་ད་དུང་མུ་མཐུད་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་བྱ་བ་ཡག་པོ་བསྒྲུབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དེ་བས་མང་པོར་རོགས་སྐྱོར་ཐོབ་པ་བྱེད་དགོས།ལོ་གསུམ་གྱི་རིང་ལ་འབད་བརྩོན་བྱས་པར་བརྒྱུད།དཀར་མཛེས་ཁུལ་དེ་སི་ཁྲོན་དང་ཡུན་ནན།བོད་ལྗོངས།མཚོ་སྔོན་བཅས་སྦྲེལ་བའི་དེང་རབས་ཀྱི་འགྲིམ་འགྲུལ་དྲ་བར་ཆགས་ཐུབ་པ་བྱེད་དགོས།དེ་དང་ཆབས་ཅིག ད་དུང་ལོ་གཉིས་ནས་གསུམ་བར་འབད་བརྩོན་བྱས་ནས་རྦད་དེ་གློག་མི་འདང་བའི་གནས་ཚུལ་ཐག་གཅོད་བྱས་ཏེ་གློག་མེད་པའི་ས་ཁུལ་ཚང་མར་གློག་གཏོང་ཐུབ་པ་བྱེད་དགོས།
    ཧུའུ་ཁྲང་ཧྲེང་གིས་གསུངས་རྒྱུར།རྒྱུན་ཆད་མེད་པར་ལྗོངས་རྒྱུ་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་ནས་དངོས་གནས་ཀྱིས་ལྗོངས་རྒྱུ་ས་ཁོངས་ཧྲིལ་པོ་ཅན་གྱི་རྣམ་པ་མངོན་འགྱུར་བྱས་ཏེ་དཀར་མཛེས་ཁུལ་གྱི་དགོན་པ་ཚང་མ་དང་།རྫོང་གི་གྲོང་ཁུལ་ཚང་མ།རི་ཀློང་ཚང་མ་ཡུལ་སྐོར་ལྗོངས་རྒྱུ་བྱེད་སའི་མཛེས་ལྗོངས་ལ་འགྱུར་པ་བྱས་ཏེ་འཇིག་རྟེན་མི་ཚང་མར་དཀར་མཛེས་ཁུལ་འདི་ཧ་ཅང་བདེ་སྐྱིད་ཡིན་པའི་ཚོར་སྣང་ཞིག་ཤར་དུ་འཇུག་དགོས། 
  • ལེ་ཚན་སྔོན་མ།:ཡེ་ཤེས་ཟླ་བས་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་བསྡུར་ནང་ཞུགས་སྐབས་གསུ
  • ལེ་ཚན་རྗེས་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས
  • དོ་སྣང་ཆེ་བའི་རྩོམ།