ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

སྐལ་ཐུབ་དང་མིག་དམར་གྱིས།        2014-02-27

ཟླ་བ2པའི་ཚེས25ཉིན་གྱི་ཕྱི་དྲོར། ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཁང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས། ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་གྱི་ཚོགས་ཆེན་གཉིས་ལ་མཛུབ་སྟོན་དང་ལྟ་སྐུལ་སློབ་སྟོན་ཚོགས་པའི་ཚོགས་གཙོ་ལི་ཁྲུན་ཧྭ་ཚོགས་འདུར་ཞུགས་པ་རེད།
    གྲོས་ཚོགས་ཐོག་འཐུས་མི་ཚོགས་པ་ཁག་གིས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་འདེམས་བསྐོ་བྱེད་ཐབས།》(འཆར་ཟིན)གྲོས་སྡུར་བྱེད་ཚུལ་གྱི་སྙན་ཞུར་ཉན་འཇོག་བྱས་ཤིང་། འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན་ལ་བརྡས་ཐག་བཅད་པ་དང་ཚོགས་ཆེན་ལ་བརྡས་ཐག་གཅད་རྒྱུར་སྤྲད་རྒྱུ་བྱས་པ། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ་འཆར་ཟིན་ལ་བརྡས་ཐག་བཅད་དེ་འཐུས་མི་ཚོགས་པ་ཁག་ལ་གྲོས་མོལ་བྱེད་པར་སྤྲད་རྒྱུའི་གྲོས་ཐག་བཅད། 
  • ལེ་ཚན་སྔོན་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས
  • ལེ་ཚན་རྗེས་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོག
  • དོ་སྣང་ཆེ་བའི་རྩོམ།