ཀྲང་ཀའོ་ལེ་ཡིས་ཁྱབ་བཤེར་བྱ་བ་བཟང་བོར་བསྒྲུབ་སྟེ་ཡིད་ཆེས་ཆོག་པའི་གཞི་གྲངས་ངོ་མ་ཡིན་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན་པ།

        2014-01-09

ཀྲང་ཀའོ་ལེ་ཡིས་ཁྱབ་བཤེར་བྱ་བ་བཟང་བོར་བསྒྲུབ་སྟེ་ཡིད་ཆེས་ཆོག་པའི་གཞི་གྲངས་ངོ་མ་ཡིན་པར་ཁག་ཐེག་བྱེད་དགོ

ཟླ་དང་པོའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་གསུམ་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀའོ་ལེ་ཡིས་པེ་ཅིན་གྲོང་ཁྱེར་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་གསུམ་པའི་ཐོ་འགོད་བྱ་བར་གཟིགས་ཞིབ་མཛད། འདི་ནི་ཀྲང་ཀའོ་ལིས་ཀྱིས་མཁར་ཤར་ཁུལ་ཡུན་ཧི་ཐོག་ཁང་ཆེན་མོའི་བྱང་སྒོའི་ཚགས་པར་དང་དུས་དེབ་བཙོང་ས་ནས་ཁྱབ་བཤེར་བྱེད་ཡུལ་དང་ཁྱབ་བཤེར་མི་སྣར་དཔལ་འབྱོར་ཁྱབ་བཤེར་ཐོ་འགོད་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

ཀྲང་ཀའོ་ལེ་ཡིས་ཁྱབ་བཤེར་བྱ་བ་བཟང་བོར་བསྒྲུབ་སྟེ་ཡིད་ཆེས་ཆོག་པའི་གཞི་གྲངས་ངོ་མ་ཡིན་པར་ཁག་ཐེག་བྱེད་དགོ

   འདི་ནི་ཀྲང་ཀའོ་ལེ་ཡིས་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་དྲིལ་སྒྲོག་བྱེད་སའི་ཁྱབ་བཤེར་མི་སྣར་འཚམས་འདྲི་མཛད་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་གསུམ་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀའོ་ལེ་ཡིས་ཟླ་དང་པོའི་ཚེས་གསུམ་ཉིན་གྱི་སྔ་དྲོར་པེ་ཅིན་གྲོང་ཁྱེར་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་བྱ་བ་ཐེངས་གསུམ་པའི་ཐོ་འགོད་བྱ་བར་གཟིགས་ཞིབ་མཛད། ཁོང་པེ་ཅིན་གྲོང་ཁྱེར་མཁར་ཤར་ཁུལ་ཡུན་ཧི་ཐོག་ཁང་ཆེན་མོའི་བྱང་སྒོའི་ཚགས་པར་དང་དུས་དེབ་བཙོང་ས་དང་། ཨེ་ཞི་ལས་བསྐྲུན་ཉོ་ཚོང་ཚད་ཡོད་ཀུང་ཟི། པེ་ཅིན་འཁྲབ་སྟོན་སྡེ་ཚོགས། དཔལ་འབྱོར་ཁྱབ་བཤེར་དྲིལ་སྒྲོག་བྱེད་ས་སོགས་ལ་ཕེབས་ཏེ་བརྟག་དཔྱད་ཞིབ་འཇུག་དང་ཁྱབ་བཤེར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཁྱབ་བཤེར་བྱེད་ཡུལ་དང་ཁྱབ་བཤེར་མི་སྣར་འཚམས་འདྲི་མཛད།
ཀྲང་ཀའོ་ལེ་ཡིས་གསུངས་རྒྱུར། དཔལ་འབྱོར་ཁྱབ་བཤེར་ཐེངས་གསུམ་པ་ནི་རང་རྒྱལ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་ཆོད་རང་བཞིན་གྱི་དུས་རིམ་དུ་བསླེབས་པ་དང་། ཀྲུང་དབྱང་གིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་བཀོད་སྒྲིག་གཏན་ལ་ཕབ་རྗེས་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་ཐེངས་ཤིག་བྱེད་རྒྱུ་དེ་རེད། ཐེངས་འདིའི་དཔལ་འབྱོར་ཁྱབ་བཤེར་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་འཕར་སྟངས་མྱུར་དུ་བསྒྱུར་བ། དམངས་འཚོར་ཁག་ཐེག་དང་ལེགས་བཅོས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཟེར།
ཀྲང་ཀའོ་ལེ་ཡིས་རིམ་པ་སོ་སོའི་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། མགོ་ཁྲིད་ལ་ཤུགས་སྣོན་པ་དང་། རྩ་འཛུགས་བཟང་བོ་བྱས་ཏེ། ཁྱབ་བཤེར་བྱ་བ་ནན་ཏན་སྒོས་སྒྲུབ་དགོས་ལ། རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱིས་རང་རང་གི་འགན་འཁུར་བ་དང་གཞོགས་འདེགས་དམ་པོ་བྱས་ནས། ཁྱབ་བཤེར་བྱ་བ་བདེ་བླག་ངང་སྒྲུབ་པར་ཁག་ཐེག་བྱེད་དགོས། སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཨུ་ཡོན་ལྷན་ཁང་སོགས་གཞི་རིམ་རྩ་འཛུགས་ཀྱིས་ཁྱབ་བཤེར་མི་སྣས་ཡུལ་དངོས་སུ་ཐོ་འགོད་བྱེད་པའི་བྱ་བར་ཧུར་ཐག་སྒོས་གཞོགས་འདེགས་བྱེད་དགོས། ཁེ་ལས་དང་སྒེར་གཉེར་ཁྱིམ་ཚང་སོགས་ཁྱབ་བཤེར་བྱེད་ཡུལ་གྱིས་དུས་ཐོག་ཏུ་ཁྲིམས་ལྟར་ཐོ་འགོད་བྱེད་དགོས་པ་བཅས་ཀྱི་རེ་བ་བཏོན། །

  • ལེ་ཚན་སྔོན་མ།:ཀྲང་ཏི་ཅང་ཀྲུང་གོ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་ཚོགས་པ་འཛུགས་པའི་ཚོགས་ཆེ
  • ལེ་ཚན་རྗེས་མ།:ལི་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།