ཡོ་རོབ་ཤར་མ་རུ་བོད་ཀྱི་གླུ་གར་ལ་དགའ་བསུ་ཆེན་པོ་ཐོབ་པ།

        2013-03-19

ཡོ་རོབ་ཤར་མ་རུ་བོད་ཀྱི་གླུ་གར་ལ་དགའ་བསུ་ཆེན་པོ་ཐོབ་པ།

 ཡོ་རོབ་ཤར་མ་རུ་བོད་ཀྱི་གླུ་གར་ལ་དགའ་བསུ་ཆེན་པོ་ཐོབ་པ།

 ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གླུ་གར་ཚོགས་པ་ཡོ་རོབ་ཤར་མའི་རྒྱལ་ཁབ་འགའ་རུ་ཕྱིན་ནས་བོད་ཀྱི་གླུ་གར་འཁྲབ་སྟོན་བྱས་པ་སྟེ། བརྗོད་གཞི5དང་མི་རིགས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི་འཁྲབ་ཚན60ལ་ཉེ་བ་ཞིག་འཁྲབ་སྟོན་བྱས་ནས་དཀར་མཛེས་བོད་ཁུལ་གྱི་སྤྲོ་དགའི་དཔལ་གྱིས་བརྟས་པའི་རྣམ་པ་མངོན་པར་བརྗོད་ཐོག མིག་གི་དབང་བོ་དང་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད་པའི་གླུ་གར་གྱིས་དཀར་མཛེས་བོད་ཁུལ་གྱི་རིག་གནས་ཀྱི་རྫོངས་སྟུག་པོ་དེ་ཡུལ་དེ་གའི་མང་ཚོགས་ཀྱི་མཐོང་ལམ་དུ་མངོན།

  ཁོང་ཚོའི་འཁྲབ་སྟོན་གྱིས་རྒྱལ་ཕྱིའི་མང་ཚོགས་ཀྱིས་བོད་ཁམས་དང་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ལ། ཐེངས་འདིའི་འཁྲབ་སྟོན་བརྒྱུད་ནས་པུར་ཀ་རི་ཡ་དང་སཱི་ལོ་ཝུན་ཉི་ཡ་སོགས་ཡོ་རོབ་ཤར་མའི་རྒྱལ་ཁབ་ཁག་ཏུ་བོད་ཀྱི་རིག་གནས་ཀྱི་ཚ་རླབས་དྲག་པོ་ཞིག་རྒྱས་ཤིང་། མི་མང་པོ་ཞིག་གིས་དཀར་མཛེས་བོད་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་དང་ཁྱད་དུ་འཕགས་པའི་མི་རིགས་ཀྱི་རིག་གནས་དར་ཞིང་རྒྱས་པའི་ཡུལ་གྲུ་དེ་ལ་ཡིད་སྨོན་འཆོར་བ་རེད། །

 

0

 

  • ལེ་ཚན་སྔོན་མ།:བོད་ལྗོངས་སུ་དཔྱིད་རྨོད་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:གདུགས་དཀར་ཡག་གི་ཆེད་བསྒྲིགས་ཐོག་མའི་གསར་འགྱུར་ཁྱབ་སྤེལ་འགྲེམ་ཚོགས།
  • དོ་སྣང་ཆེ་བའི་རྩོམ།