གདུགས་དཀར་ཡག་གི་ཆེད་བསྒྲིགས་ཐོག་མའི་གསར་འགྱུར་ཁྱབ་སྤེལ་འགྲེམ་ཚོགས།

    མཚོ་སྔོན་པོ་དྲ་བ།    2013-03-19

གདུགས་དཀར་ཡག་གི་ཆེད་བསྒྲིགས་ཐོག་མའི་གསར་འགྱུར་ཁྱབ་སྤེལ་འགྲེམ་ཚོགས།

                                                                                                          གླུ་བ་གདུགས་དཀར་ཡག

 སྤྱི་ཟླ3པའི་ཚེས23ཉིན་གྱི་ཕྱི་དྲོའི་ཆུ་ཚོད2:00སྟེང་དུ། གླུ་བ་གདུགས་དཀར་ཡག་གི་མི་སྒེར་ཆེད་བསྒྲིགས་ཐོག་མའི་གསར་འགྱུར་ཁྱབ་སྤེལ་འགྲེམ་ཚོགས་དེ་པེ་ཅིང་མ་སྐྱེས་ཨ་མ་གསོལ་ཁང(གསར་བ)དུ་ཚོགས་རྒྱུ་ཡིན་ཞིང་། རྒྱུས་ལོན་བྱུང་བ་ལྟར་ན། སྐབས་དེར་སྐུ་མགྲོན་གལ་ཆེན་འགའ་ཡང་དངོས་སུ་ཚོགས་ཞུགས་བྱ་ངེས་པ་རེད།

གླུ་བ་གདུགས་དཀར་ཡག་གིས2009ལོ་དང2010ལོའི་བར《བོར་ཟིན་པའི་ལས་འབྲས》ཞེས་པ་དང་། 《ཕ་ཡུལ་གྱི་མེ་ཏོག》དང《དྲན་གདུང》 དང《ཞི་མཐུན་གྱི་ལམ་འཕྲང》དང《འགྱུར་མེད་ཀྱི་སེམས》བཅས་རྐྱང་གཞས་ལྔ་འགྲེམ་སྤེལ་བྱས་མྱོང་ཞིང་། དེ་ལས《དྲན་གདུང》དང《འགྱུར་མེད་ཀྱི་སེམས》གཉིས་ནི་ཁོ་རང་ཉིད་ཀྱིས་ཚིག་དང་དབྱངས་བརྩམས་པ་ཡིན་ལ། 《བོར་ཟིན་པའི་ལས་འབྲས》དང《ཕ་ཡུལ་གྱི་མེ་ཏོག》གཉིས་ལ་བོད་ཁུལ་ཡོངས་སུ་དགའ་བསུ་ཆེན་པོ་ཐོབ་པ་རེད།

2011ལོའི་ཟླ9བར། གླུ་བ་གདུགས་དཀར་ཡག་ནི་བོད་རིགས་རང་བྱུང་གཞས་ཚོགས་དང་པོའི་གཙོ་ལེན་གྱི་འགན་བླངས་ཏེ་སི་ཁྲོན་བརྙན་འཕྲིན་ཁང་གི་ཀྲུང་གོའི་བོད་ཀྱི་གཞས་ཚོགས་སུ་ཞུགས་ཏེ་རྒྱལ་ཡོངས་ཨང་དང་པོའི་ཕུལ་བྱུང་གྲུབ་འབྲས་བླངས་པ་རེད།  །

  • ལེ་ཚན་སྔོན་མ།:ཡོ་རོབ་ཤར་མ་རུ་བོད་ཀྱི་གླུ་གར་ལ་དགའ་བསུ་ཆེན་པོ་ཐོབ་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱི་འཐུས་མིས་སི་ཁྲོན་བོད་ཁུལ་གྱི་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་ལ་རིན་སྟེར་མི་དགོས
  • དོ་སྣང་ཆེ་བའི་རྩོམ།