བདུད་རྩིའི་འབྱུང་གནས།

ཉག་ཆུ་སློབ་འབྲིང་།(ཨོ་རྒྱན་སྐྱབས་ཀྱིས།)        2013-01-28

གོ་ལའི་ཟླུམ་པོ་འཛིན་མའི་ཁྱོན་ཡོངས་སུ། །
རྔམ་བརྗིད་ལྡན་པའི་གངས་དཀར་ལྷུན་པོ་ཆགས། །
འདས་ཟིན་དཔའ་བོ་མེས་པོ་ཞབས་རྗེས་རེ། །  
ལོ་རྒྱུས་རི་མོ་བདུད་རྩིའི་ཡུན་རིང་བཀྲ། །
 བདུད་རྩིའི་འབྱུང་གནས།

མཐའ་མེད་རྩྭ་ཐང་གཡུ་ཡི་མཎྜལ་ལ། །
ཡིད་འཕྲོག་མཛེས་རྒྱན་མེ་ཏོག་སྣ་ཚོགས་བཀྲ། །
བྱམས་སྐྱོང་དྲིན་ཆེན་ཡབ་ཡུམ་གཉིས་པོ་ཡིས། །
ལྷག་བསམ་ཁ་ཏ་བདུད་རྩིའི་རྒྱ་མཚོ་འཁྱིལ། །
 
སྤྲོ་སེམས་ལྡན་པའི་སློབ་གླིང་དགའ་ཚལ་དུ། །
འོད་སྟོང་འབར་བའི་དཔལ་ཡོན་རབ་ཏུ་རྒྱས། །
མ་འོངས་ལམ་སྟོན་གནང་བའི་བཤེས་གཉེན་གྱིས། །
དམ་པའི་གདམས་ངག་བདུད་རྩིའི་རྡོ་རིང་བཙུགས། །
  • ལེ་ཚན་སྔོན་མ།:སྨན་ལྗོངས་བསིལ་མོའི་དགེ་མཚན།
  • ལེ་ཚན་རྗེས་མ།:རང་གི་རྨི་ལམ།