​བུད་མེད།

གངས་ཟེགས།        2021-03-08

འཇིག་རྟེན་ཁམས་ན་མཛེས་པ་གྲངས་ལས་འདས།།

དཔེར་ན་རི་དང་ནགས་དང་གཙང་བོ་དང་།།

མེ་ཏོག་དག་དང་ཡིད་འོང་རྩྭ་ཐང་དང་།།

གྲོང་ཁྱེར་གློག་དང་ཉི་ཟླའི་འཆར་ནུབ་དང་།།

མཚམས་སྤྲིན་འཁྲིགས་དང་འཇའ་འོད་གུར་ཁང་སོཊ།།

བརྗོད་ཀྱིས་མི་ལང་མཛེས་པ་མང་མོད་ཀྱང་།།

གལ་ཏེ་འཇིག་རྟེན་བུད་མེད་མེད་གྱུར་ན།།

དེ་དག་ཁོ་ན་སུ་ཡིས་ལོངས་སུ་སྤྱོད།།

དེའི་ཕྱིར་མཛེས་པ་ཀུན་གྱི་རྩེར་སོན་པ།།

སེམས་སུ་མཛེས་པའི་བུད་མེད་འདི་ཚོ་སྟེ།།

བུད་མེད་མེད་ན་འཇིག་རྟེན་སྐྱ་བོ་རེད།།

སྐྱབས་ཀྱི་ཆ་ནས་འཕགས་མ་སྒྲོལ་མ་སོགས།།

དྲིན་གྱི་ཆ་ནས་ཨ་མ་སྲིང་མོ་སོགས།།

དགའ་མགུའི་ཆ་ནས་ཆུང་མ་དགའ་རོཊ་སོགས།།

མདོར་ན་འཇིག་རྟེན་ཁམས་སུ་དྲིན་གྱི་ཕྱེད།།

བུད་མེད་ཡིན་པ་ཀུན་གྱིས་ཤེས་པར་བྱོས།།

དེའི་ཕྱིར་བུད་མེད་གནམ་གྱི་ཕྱེད་ཀ་འོ།།

          

  • ལེ་ཚན་སྔོན་མ།:ཁ་བའི་འབྲོག་མོ།
  • ལེ་ཚན་རྗེས་མ།:ཡིད་དུ་ལྷུང་བའི་རི་བོང་འཛིན།