ང་དང་ངའི་སྙན་ངག་གི་འགྲེལ།

ཤེལ་དཀར་པོ།        2021-01-29

ང་དང་ངའི་སྙན་ངག་གི་འགྲེལ།

བཙའ་ཡིས་ཟིན་པའི་དགའ་སྐྱོ་ཆགས་སྡང་ཀུན་ལ།

ཚིག་ཚོགས་ཀྱི་རལ་ཁ་ནས་བཙན་གྱིས་དགོད་པ་

དང་ངུ་རུ་བཅུག་སྟེ།

རང་ཉིད་ཀྱིས་ལན་མང་མཉན།

གང་ལ་བརྡབས་པའམ་ཆ་མ་འཚལ་བའི་ཚོར་བ་ལ།

འདྲ་མཚུངས་མིན་པའི་ཚོན་སྨྱུག་འགའ་ཡིས་

ཁྲ་ཁྲར་བསྒྱུར་ཏེ།

རང་ཉིད་ཀྱིས་ཐེངས་མང་བལྟས།

སྒྱུ་འཕྲུལ་བ་བཅོས་མ་ཞིག་གི་གྲིབ་མ་འཆམ་ནས།

མཚན་མོ་གྲངས་མེད་ཅིག་གི་ཕ་རོལད་བཙལ་ཀྱང་།

ངས་རྣོ་སྦྲེང་གི་གདངས་ལས་ཁེར་རྐྱང་གི་

ངལ་བ་བོར་ལ།

ངས་རྣོ་སྦྲེང་གི་གདངས་ལས་ཁེར་རྐྱང་གི་

སྐྱིད་སྣང་དེའང་རྙེད།


  • ལེ་ཚན་སྔོན་མ།:རྩ་ཆེན་འཁྲུག་པའི་ངུ་སྐད།
  • ལེ་ཚན་རྗེས་མ།:ཚིག་གི་ལྷན་ཐབས།