ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཚོང་འདུས་སྐབས18པའི་ནང་གནས་མཆོག་དཀར་མཛེས་ཀྱི་སྤུས་དག་ཞིང་ལས་ཐོན་རྫས་ཚོང་ཁ་བྲིན།

ཡེ་ཤེས་ཀྱིས་བསྒྱུར།        2020-12-02

སྤྱི་ཟླ11པའི་ཚེས27ཉིན། ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས18པ་དང་ཀྲུང་གོའི་ནུབ་རྒྱུད(ཁྲུང་ཆིང)རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས20པ་དེ་ཁྲུང་ཆིང་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ལྟེ་གནས་སུ་མགོ་ཚུགས་པ་རེད། གནས་མཆོག་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་ནང་དཀར་མཛེས་ཁུལ་གྱི་སྤུས་དག་ཞིང་ལས་ཐོན་རྫས་རེ་རེ་ཡིས་དཀར་མཛེས་ཁུལ་གྱི་དབུལ་སྐྱོར་གཏམ་རྒྱུད་རེ་བཤད་བཞིན་རི་གྲོང་ཁྲུང་ཆིང་གྲོང་ཁྱེར་དུ་མཐོ་སྒང་སྐྱེ་ཁམས་ལྗང་མདོག་གི་གསོལ་སྟོན་གཟབ་རྒྱས་ངང་བཤམས་ཡོད་པ་རེད།

རྒྱ་ཁྱོན་སྨི་གྲུ་བཞི་མ350ལ་ཟིན་པའི་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་ནི་ཁྲུང་ཆིང་རྒྱལ་སྤྱི་བཤམས་སྟོན་ཁང་གི་ལྟེ་གནས་སུ་ཡོད་པ་རེད། འགྲེམས་སྟོན་ཁང་གིས་མཐོ་སྒང་སྐྱེ་ཁམས་ཞིང་ལས་ཀྱི་ཡུལ་ཐོན་ཁྱད་རྫས་རྩེ་གྲ་དང་། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་ཡིས་བརྗོད་གཞི་གཙོ་བོ་བྱས་ཤིང། ཆང་དང་ཤ། འབྲུ། བཟའ་སྣུམ། ཆུ། ཤིང་ཏོག སྔོ་ཚལ། ཇ། ཤ་མོ། སྨན་རིགས་བཅས་རིགས་ཆེ་གྲས10དང་ཟོང་རྟགས་མ་ལག60ལྷག་སྒྲིག་འཛུགས་བྱས་ཡོད། ཁྱད་ཆོས་ཞིང་ལས་ཐོན་རྫས་རིགས་ཁྱོན་བསྡོམས150ཡོད་པའི་ནང་ནས་དབུལ་ཐར་འགག་སྒྲོལ་གྱི་ཐོན་རྫས་མ་ལག70དང་། གཉེར་སྐྱོང་བྱེད་པོ་གསར་པའི་ཁེ་ལས24འགྲེམས་སྟོན་ནང་ཞུགས་པར་བརྟེན། ཁྱོན་ཡོངས་ནས་རང་ཁུལ་གྱི་སྐྱེ་ཁམས་ཞིང་འབྲོག་ཐོན་ཁུངས་དང་། མིས་བཟོས་ཡུལ་ལྗོངས།མི་རིགས་ཀྱི་ཁྱད་ཆོས་སོགས་མཚོན་པ་རེད། མཐོ་སྒང་སྐྱེ་ཁམས་ལྷད་མེད་ཀྱི་གནས་མཆོག་དཀར་མཛེས་ཟོང་རྟགས་སྐད་གྲགས་ཁྱབ་སོང་བས་འཛད་སྤྱོད་པ་རྣམས་ཀྱིས་དགའ་བསུ་ཐོབ་པ་རེད། འགྲེམས་སྟོན་སྤེལ་མགོ་ཚུགས་པའི་ཉིན་དེར་རིམ་རྩིས་བྱས་ན་སྒོར་ཁྲི24ཡི་ཐོན་རྫས་བཙོངས་ཡོད་པ་དང་། འདོད་མཐུན་ཅན་གྱི་ཉོ་ཚོང་མཉམ་ལས་གྲོས་མཐུན་གྱི་མ་དངུལ་སྒོར་ཁྲི123བཞག་ཡོད་པ་རེད།

སྤྱི་ཟླ11པའི་ཚེས27ཉིན་ནས་ཚེས30ཉིན་བར་གྱི་བཤམ་སྟོན་འདུས་ཚོང་བྱས་རིང་། སྡེ་རོང་གི་སུར་པན་དང་སྡེ་རོང་གི་འབུ་སྦྲང་སོགས་ཀྱི་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་འགྲེམས་སྟོན་ནང་ཞུགས་པ་དང་གསེར་ཐར་པོ་ཡོན་ཚོང་དོན་དང་དར་མདོའི་མི་ཉག་སོགས་ཁེ་ལས་དབུལ་སྐྱོར་འགྲེམས་སྟོན་ཁུལ་གྱི་འགྲེམས་སྟོན་ནང་ཞུགས་པ། དཀར་མཛེས་ཁུལ་ཡི་སྟག་མ་མེ་ཏོག་དང་། བརྒྱད་ཟིལ་གྱི་ཐེན་ཤང་། བརྒྱད་ཟིལ་གྱི་ཅི་ཏ་སོགས་ཁེ་ལས་ཀྱིས་རྗེས་མཐུད་ཁེ་ལས་ཀྱི་ཟོང་རྟགས་འོས་སྦྱོར་བྱས་པ་རེད། ཞིང་ལས་ཀྱི་ཡུལ་ཐོན་ཁྱད་རྫས་ཁེ་ལས18ཀྱིས་ཆེས་དགའ་བསུ་ཐོབ་པའི་ཞིང་ལས་ཐོན་རྫས་དང་གསར་གཏོད་ཐོན་རྫས་ཡག་ཤོས་སོགས་ཀྱི་བྱ་དགའི་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཞུགས་པ་རེད།

  • ལེ་ཚན་སྔོན་མ།:དཀའ་བ་དང་དུ་བླངས་ནས་དོན་དངོས་ཏན་ཏིག་སྒྲུབ། ངལ་བ་ཁྱད་དུ་བསད་ནས་སྐུལ་འདེད་ཤུགས་ཆེན་གཏང་དགོས།
  • ལེ་ཚན་རྗེས་མ།:པར་རིས་གསར་འགྱུར།
  • དོ་སྣང་ཆེ་བའི་རྩོམ།