པར་རིས་གསར་འགྱུར།

ཡེ་ཤེས་ཀྱིས་བསྒྱུར།        2020-12-02

པར་རིས་གསར་འགྱུར།

ཉེ་ཆར། ལི་ཐང་རྫོང་གིས་ཐོག་མའི་གྲོང་སྡེ་རིམ་པའི་འདུས་སྡེ་ཁུལ་གྱི་སློབ་གསོ་སློབ་སྦྱོང་ལྟེ་གནས་དེ་མཐོ་གྲོང་གྲོང་རྡལ་གྲོང་གསར་གཉིས་པར་སྒོ་བྱང་བཀལ་ནས་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་དེས་དམངས་ཁྲོད་དུ་མི་འཇོན་ནུས་ཅན་དང་སྒྱུ་རྩལ་པ་སྔོག་འདོན་བྱས་ནས་བོད་འབྲེལ་ཁྱད་ཆོས་ཀྱི་རིག་གནས་དར་འཕེལ་གཏོང་བ་དང་། ཡུལ་སྐོར་གསར་སྤེལ་དང་ཁྱད་ཆོས་ཐོན་རྫས་ཁྱལ་སྤེལ་གཏོང་རོགས་འདེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་ཆབས་ཅིག གྲོང་སྡེ་རང་ཉིད་དང་ཡང་ན་གྲོང་རྡལ་ཡོངས་ཀྱི་གྲོང་མིའི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་དང་ལི་ཐང་རྫོང་ཉིད་སློབ་སྦྱོང་ཅན་གྱི་གྲོང་ཁྱེར་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད། སི་ཁྲོན་གློག་འཕྲིན་སློབ་ཆེན་གྱིས་སྒོར་ཁྲི3ཞལ་འདེབས་བརྒྱབ་ནས་བྱེད་སྒོ་ལྟེ་གནས་ཀྱི་ཞིག་གསོ་བསྒྱུར་བཀོད་ཐད་བེད་སྤྱོད་བྱས་ཡོད། ད་ལོ་གྲོང་སྡེ་ཡོངས་ལ་ཕྱོགས་བསྡུས་དཔལ་འབྱོར་སྒོར་ཁྲི7མངོན་འགྱུར་བྱུང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཚོང་འདུས་སྐབས18པའི་ནང་གནས་མཆོག་དཀར་མཛེས་ཀྱི་སྤུས་དག་ཞིང་ལས་ཐོན་རྫས་ཚོང་ཁ་བྲིན།
  • ལེ་ཚན་རྗེས་མ།:ཞིང་ནང་དང་མུ་ཁར་བྲེལ་འཚུབ་ངང་ལས་ལ་ བརྩོན་བཞིན་པའི་ཞིང་པའི་གླ་པ།
  • དོ་སྣང་ཆེ་བའི་རྩོམ།