དཀའ་བ་དང་དུ་བླངས་ནས་དོན་དངོས་ཏན་ཏིག་སྒྲུབ། ངལ་བ་ཁྱད་དུ་བསད་ནས་སྐུལ་འདེད་ཤུགས་ཆེན་གཏང་དགོས།

མིག་དམར་དོན་འགྲུབ་ཀྱིས་བསྒྱུར།        2020-12-02

ཉེ་ཆར། ཁུལ་སྲིད་གཞུང་གིས་དཀར་མཛེས་ཁུལ་གྱི་གྲོང་ཁུལ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ལས་ཀའི་སྙན་ཞུ་ཉན་པ་དང་། གྲོང་ཁུལ་གསར་པ་འཛུགས་སྐྲུན་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་དང་ཆབས་ཅིག ཕྱིན་ཆད་ཀྱི་ལས་ཀར་སླར་ཡང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅིས་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲིན་ཅིན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུན་ཧྥེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་། ཁུལ་སྲིད་གཞུང་གི་ཐིང་རིམ་པའི་ལས་བྱེད་པ། དཀར་མཛེས་ཁུལ་གྲོང་ཁུལ་གསར་པ་འཛུགས་སྐྲུན་བཀོད་འདོམས་པུའུའི་བཀོད་འདོམས་པ་ཀྲང་ཡུང་ཏེ་ཚོགས་འདུར་ཞུགས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་ཆོག་མཆན་ཞུ་བའི་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སྔར་ལས་ཁོང་དུ་ཆུད་པ་བྱས་མཐར། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་སྙན་ཞུ་གང་མགྱོགས་བྱ་དགོས། དཀར་མཛེས་ཁུལ་གྱི་གྲོང་ཁུལ་གསར་པའི་འཛུགས་སྐྲུན་ལས་གཞི་ཐག་གཅོད་བྱེད་པའི་ཆ་རྐྱེན་གལ་ཆེན་ལ་ཆོག་མཆན་ཞུ་དགོས། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་གི་གྲ་སྒྲིག་ལས་ཀའི་ཆེད་དོན་འཛིན་གྲྭ་འཛུགས་དགོས། ལས་ཐོག་སློབ་གླིང་གི་ལས་གཞི་འཛུགས་སྐྲུན་དང་། མགོ་ཁྲིད་ཚོགས་པ་སྒྲིག་འཛུགས་དང་དགེ་རྒན་དཔུང་སྡེ་བཀོད་སྒྲིག་བྱ་རྒྱུ་སོགས་ཀྱི་ཐད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དུས་བཀག་ལྟར་ཚན་པ་དང་པོའི་སློབ་བསྡུའི་དམིགས་ཡུལ་མངོན་འགྱུར་ཡོང་བར་འགན་ལེན་ཡང་བྱ་དགོས། གྲོང་ཁུལ་གསར་པ་ལས་ཀའི་ཞིང་ཆེན་རིམ་པར་ཆོག་མཆན་ཞུ་མཁན་གྱི་འཛིན་གྲྭ་བཙུགས་ཏེ་དཀར་མཛེས་ཁུལ་གྱི་གྲོང་ཁུལ་གསར་པ་དེ་ཞིང་ཆེན་རིམ་པའི་གྲོང་ཁུལ་གསར་པར་རེ་ཞུ་བྱས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་སྲིད་ཇུས་དང་ལས་གཞི། མ་དངུལ་བཅས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་ཧུར་ཐག་བྱ་དགོས། སྲིད་གཞུང་གིས་གཙོ་ཁྲིད་དང་ཚོང་ར་ཅན་དུ་འཁོར་སྐྱོད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཕྱོགས་མང་པོ་ནས་གྲོང་ཁུལ་གསར་པ་འཛུགས་སྐྲུན་གྱི་མ་དངུལ་གྲབས་གསོག་བྱས་པ་དང་། མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་གྲོང་ཁུལ་གསར་པ་གསར་སྤེལ་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱ་དགོས། གྲོང་ཁུལ་གསར་པའི་རྨང་གཞིའི་སྒྲིག་བཀོད་ལས་གཞི་དང་སྤྱི་པའི་ཞབས་ཞུའི་རིགས་ཀྱི་ལས་གཞི། ཁུལ་ཡོངས་ཀྱི་ལས་བྱེད་པའི་ལས་འཁྱུར་ངལ་གསོའི་རྟེན་གཞིའི་ལས་གཞི་བཅས་ཀྱི་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏང་དགོས། ཅུང་ཆ་ཚང་བའི་འགྲོ་ལམ་དང་གྲོང་ཁྱེར་དོ་དམ་གྱི་མ་ལག་གང་མགྱོགས་ཆགས་པར་བྱ་དགོས་པ་དང་ཆབས་ཅིག གྲོང་ཁུལ་གསར་པ་འཛུགས་སྐྲུན་གྱི་ས་ཆ་བསྡུ་ལེན་དང་བཤིག་སྤོའི་མང་ཚོགས་ཀྱི་བཀོད་སྒྲིག་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་འཛུགས་སྐྲུན་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུར་ཤུགས་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:དངོས་གཉེར་དཔལ་འབྱོར་དང་ས་གནས་འཕེལ་རྒྱས་གཏོང་བར་ཞབས་ཕྱི་སྒྲུབ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཚོང་འདུས་སྐབས18པའི་ནང་གནས་མཆོག་དཀར་མཛེས་ཀྱི་སྤུས་དག་ཞིང་ལས་ཐོན་རྫས་ཚོང་ཁ་བྲིན།
  • དོ་སྣང་ཆེ་བའི་རྩོམ།