ལམ།

པདྨ་བཀྲ་ཤིས།        2020-09-25

མིག་གིས་མཐོང་བའི་མདུན་གྱི་གཟུགས་ནི་

ལམ་ཡིན།

ཁ་ཡིས་བཤད་པའི་རྨི་ལམ། སྣ་ཡིས་སྣོམ་

པའི་དྲི་བསུང་།

ལྕེ་ཡིས་མྱོང་བའི་བྲོ་བ། ལུས་ཀྱིས་ཚོར་

བའི་རེག་བྱ།

ལམ་ནི་གང་ལ་སོང་སྟེ་གང་ནས་བསྡད་

ནའང་དེ་ནི་ལམ་ཡིན།

ཁ་སང་རང་ཉིད་ཀྱི་ལམ་བུ་རི་མོར་བྲིས།

དེ་རིང་རང་ཉིད་ཀྱི་ལམ་ཁར་བསམ་བློ་བཏང་།

སང་ཉིན་རང་ཉིད་ཀྱི་ལམ་ལ་ཞིབ་འདང་རྒྱག

ལམ་ཀྱག་ཀྱོག་གིས་བྲིས་པ་ནི་དཀྱོགས་ལོག་ཅིག་སྟེ།

ང་དང་འདྲ་བར་གཞན་ལ་བསྟུན་པར་མི་སྤྲོ།

རང་དབང་གིས། འདོད་བློ་ལྟར།

ལམ་དེ་འཚོལ་བཞིན་ལམ་ཞིག་བྲི།

ལམ་ནི་འབྲི་མི་ཚར་བའི་གཏམ་གྱི་སྙིགས་

རྫོབ་བཞིན།

ལ་ལུང་ནས་འཚང་ཞིང་བཙང་ཁ་བརྒྱབ་སྟེ།

རང་ཉིད་ཐར་སའི་དོག་ལམ་ཞིག་བཙལ་སྲིད།

དེ་ནི་དུག་གསུམ་གྱི་བདུད་འདྲེ་ཡིན་ནའང་།

ཁོ་ཚོས་དེ་ལྟར་འདོད་མི་སྲིད།

ལམ་ནི་སྡུག་གཏམ་དང་སྨྲེ་ངག་གི་འཚོ་བ་

ཡིན་ནའང་།

ལམ་ལ་ཉོབ་སྣང་མེད་པར་གོམ་མཚམས་

བཞག་མ་མྱོང

རྔུལ་ཁྲག་གི་ལམ། རྨི་ལམ་གྱི་ལམ།

ལམ་དེ་ནི་ཟུངས་ཁྲག་གི་བཞུར་རྒྱུན་གྱིས་

བྲིས་པའི་ལམ་ཡིན།

མེས་པོའི་ལམ་ནི་གནའ་གཏམ་བཞིན།

རྗེས་རབས་པའི་སྣང་ངོར་དགོད་སྤྲོ་ཞིང་།

ངུ་འདོད་པ། སྨྲེང་སེམས་སྐྱེ་བ།

ཞེ་རྩ་འཁྲུག་པ། སྙིང་རླུང་འཚང་བ།

བག་ཕེབས་པ། དབེན་པར་གནས་པ་བཞིན།

ལམ་རེ་རེ་ཡིད་བརྙན་དུ་གྲུབ་རྗེས།

ལམ་ནི་རང་ཉིད་ལ་དབང་བའི་དར་ཆ་ཞིག

ལམ་ནི་ལ་རྒྱ་དང་དབང་ཐང་།

སྙན་གྲགས་དང་རླུང་རྟ་མཚོན་བྱེད་ནི་མ་

ཡིན་ཏེ།

སྨྱུ་གུ་དང་ཤོག་བུའི་ལམ་གྱི་བརྩེ་དུང་

མཚོན་བྱེད་ཅིག

ཐ་སྙད་དང་མིང་ཚིག་བར་གྱི་ཁ་ཆད་

འཇོག་སྟངས་ཤིག

བརྩམས་སྒྲུང་དང་སྙན་ངག་ནང་གི་གསང་

བ་མཚོན་བྱེད་ཅིག

ལམ་ལ་མཐའ་མེད་པ་མ་ཡིན་ཏེ།

ཁྱོད་དང་འགྲོགས་པའི་གྲིབ་མ་བཞིན།

བེམ་རོར་གྱུར་ཞིང་མེར་བསྲེགས་རྗེས།

ལམ་ནི་ཁྱོད་དང་འབྲེལ་བ་གཏན་ནས་མེད།

ལམ་གྱི་དམུ་ཐག་ལྷ་ཡུལ་དུ་འཐེན་དུས།

ད་ལྟ་དྲན་པ་ནི་སྤུར་རྒྱལ་གྱི་གདུང་རབས་ཡིན།

རྡོ་རིང་དུ་བྲིས་པའི་ཡི་གེས་རང་ཉིད་

མཚོན་པར་བྱས་ཏེ།

ལྷ་ཡུལ་ནས་ཀྱང་ཁམས་ནི་དྭངས་ནས་ཡོད།

ད་ནི་ལམ་དང་འགྲོགས་ཏེ་རང་ཉིད་

འཚོལ་བཞིན།

ལམ་ཞིག་བྲི་བར་ཤུགས་ཀྱིས་འདུར།


  • ལེ་ཚན་སྔོན་མ།:ཐོ་བ་ཞུ་ཐེངས་རེ་ལ།
  • ལེ་ཚན་རྗེས་མ།:དགའ་ཡ་སྡུག་རོགས་ཀྱི་ནང་མི་དང་། ང་ཡི་སློབ་གྲོགས།