ཐོ་བ་ཞུ་ཐེངས་རེ་ལ།

གངས་འཁྱམ་གསར་བུ།        2020-09-25

ཐོ་བ་ཞུ་ཐེངས་རེ་ལ།

རུས་པ་ཞིབ་མོར་བཏང་སོང་།

“ཨ་ཕ། ངའི་ལྟག་རྒྱབ་ཏུ་གང་འདུག

ཁྱོད་ཀྱི་མིག་ཟུང་གང་དུ་ཅེར་གྱི་ཡོད།”

ཐོ་བ་ཞུ་ཐེངས་རེ་ལ།

རུས་རྐང་བཞུར་བས་རྡོ་བ་བརླན་སོང་།

“བུ། ཁྱོད་ཀྱི་ལྟག་རྒྱབ་ཏུ།

རུས་པས་བརྩིགས་པའི་ཕོ་བྲང་ཞིག་འདུག”

ཐོ་བ་ཞུ་ཐེངས་རེ་ལ།

རྡོ་བ་གད་སོང་།

“ཨ་ཕ། རུས་པའི་ཕོ་བྲང་དེ།

ད་ལྟ་འདུག་གམ།”

 

  • ལེ་ཚན་སྔོན་མ།:ལྐོག་གྱུར་གྱི་འཚོ་བ།
  • ལེ་ཚན་རྗེས་མ།:ལམ།