འཁྱགས་སིབ་སིབ་ཀྱི་ཕ་ཡུལ།

དཀར་ཡག་བཀྲ་ཤིས།        2020-05-25

ཕ་ཡུལ་གྱི་རླུང་བུ།

འཁྱགས་སིབ་སིབ་ཏུ་སྣང་།

སྟོན་མཇུག་གི་ཁ་བ་ཐོག་མ།

ཕ་ཡུལ་གྱི་རི་ལུང་ཀུན་ལ་འཐོར།

འཁྱགས་སིབ་སིབ་ངང་འཐོར།

ཁ་བས་གཡོགས་པའི་ཕ་ཡུལ།

མཐའ་ཡས་པའི་ཉིན་མཚན།

ཅི་འདྲ་རིང་བ་ལ།

འཁྱགས་སིབ་སིབ་ངང་རིང་བ་ལ།

ཉི་མ་མེད་པའི་ཕ་ཡུལ་གྱི་རི་རབ།

ནང་སེམས་ཀྱི་གཞས་ཆུང་ལ།

འཁྱགས་སིབ་སིབ་ངང་།

ཁ་བ་བབས་སོང་།

ཁ་བའི་འདབ་མ་རེ་རེ།

སྙིང་ཉེ་བའི་ནང་མི་དག་གི་

ཞལ་རས་ཡིན་ངེས།

ཞལ་རས་ཡིད་ལ་འཁོར་འོང་།

ཕ་མ་སེམས་ནས་དྲན་འོང་།

ཟླ་བ་མེད་པའི་ཕ་ཡུལ་གྱི་མཚན་ནམ་རིང་མོ།

འཁྱགས་སིབ་སིབ་ངང་།

རྨི་ལམ་དུ་འགྲམ་དར་ཆགས་སོང་།

རྨི་ལམ་དུ་ཁ་བ་བབས་སོང་།

ནང་སེམས་ཁ་བ་ལས་དཀར་བའི།

ནང་མི་དག་རྨི་ལམ་དུ་འཁོར་འོང་།



  • ལེ་ཚན་སྔོན་མ།:ལྗོན་པའི་དོ་ཧ།
  • ལེ་ཚན་རྗེས་མ།:རྒས་རྒྱུ་མེད་པའི་ངོ་གདོང་།