ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་འབའ་ཐང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས།

ཨོ་རྒྱན་གྱིས།        2017-06-28

ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་འབའ་ཐང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས།

སྤྱི་ཟླ༦ཚེས༢༧ཉིན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་ཚོགས་པ་འབའ་ཐང་རྫོང་དུ་འབྱོར་བ་རེད།  ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ།ཐེངས་འདིའི་སྒྲོག་འགྲེལ་ཚོགས་པའི་སྣེ་ཁྲིད་པ་ཝང་ཀང་ཏཱས་སྣེ་ཁྲིད་བྱས་འོག་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ཀྱི་རྫོང་ཁག་དག་ལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་མཚམས་རེ་ཞིག་བཞག་ཅིང་།  དཀར་མཛེས་ཁུལ་ལྷོ་རྒྱུད་ཀྱི་རྫོང་ཁག་སོ་སོར་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་ཚོགས་པས་འཆམ་མཐུན་གྲོང་གསེབ་ཏུ་སྤེལ་བའི་སྒྲོག་འགྲེལ་བྱེད་སྒོ་འགོ་བརྩམས་ཏེ་སྤྱི་ཚེས༢༧ཉིན་རང་ཁུལ་ལྷོ་རྒྱུད་ཀྱི་འབའ་ཐང་རྫོང་དུ་འབྱོར་བ་རེད། 

ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་འབའ་ཐང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས།

 སྤྱི་ཚེས༢༧གྱི་ཕྱི་དྲོ་ནས་ཚེས༢༨བར་ལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་ཚོགས་པའི་རུ་ཆུང་སོ་སོ་འབའ་ཐང་རྫོང་ཨུ་དང་དྲིལ་བསྒྲགས་པུའུ་ཡི་བཀོད་སྒྲིག་ལྟར་རྫོང་འདི་གའི་སྤུང་རི་དགོན་དང་ཆོས་སྡེ་དགོན། བྱང་དཀར་དགོན། གྲུབ་པ་དགོན། 

ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་འབའ་ཐང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས།

  བྱ་ཁྱུང་གྲོང་རྡལ། རྒྱ་དབྱིངས་ཡུལ་ཤོག  མོ་བཏབ་ཡུལ་ཤོག  རྡོ་གཞུང་ཡུལ་ཤོག  འཕྲང་པོ་ཡུལ་ཤོག གྲུ་པ་ནང་ཡུལ་ཤོག མཚོ་ལ་གྲོང་རྡལ། སུམ་མདོ་ཡུལ་ཤོག  ཡར་རི་སྒང་ཡུལ་ཤོག་བཅས་དགོན་སྡེ་དང་ཡུལ་ཤོག་བཅུ་གསུམ་གྱི་ས་རུ་སོང་སྟེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་ལས་འདས་པའི་ལོ་ལྔའི་རིང་གི་བོད་ཁུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ངོས་འཛིན་ཟབ་མོ་ཐེབས་དགོས་ཚུལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དག་གི་སྙིང་དོན་དང་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་དང་། བསམ་བློ་གསར་པ་དང་འཐབ་ཇུས་གསར་པས་བོད་ཡུལ་དར་སྤེལ་གཏང་དགོས་པའི་བསམ་བློ་ལ་གོ་རྟོགས་འབྱུང་དགོས་རྒྱུ་དང་། 

ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་འབའ་ཐང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས།

 མ་འོངས་པར་བོད་ཡུལ་འཕེལ་རྒྱས་ལའང་ཁྲིམས་ལ་བརྟེན་དགོས་ཚུལ་དང་། སི་ཁྲོན་ཀྱི་འཕེལ་རྒྱས་ནི་སྐས་རིམ་པའི་ཐོག་སླེབ་རྒྱུ་ལ་ཡིད་ཆེས་བྱ་ཆོག་པ་སོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས་ཡོད་པར་མ་ཟད། ཉེ་ལམ་འཛམ་གླིང་ན་བཅོས་ཐབས་མེད་པའི་འཇིགས་སུ་རུང་བའི་ཨེ་ཛི་ནད་ཀྱི་འབྱུང་རྐྱེན་དང་འགོས་ལམ། དེ་འགོག་པའི་ཐབས་ལམ། ཐུམ་འབུའི་ནད་དང་མོ་ནད་སོགས་ནད་རིགས་ཀུན་གྱི་འགོས་ལམ་དང་དེ་དག་སྔོན་འགོག་གི་ཐབས་ལམ་སོགས་གསལ་བཤད་བྱས་ཤིང་གཙང་སྦྲ་འཕྲོད་བསྟེན་གལ་ཆེ་ཚུལ་སོགས་གསལ་བཤད་བྱས་པ་དང་། སློབ་གསོ་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་ལ་ཁྱིམ་བདག་གིས་སློབ་གྲྭར་རམ་འདེགས་དང་སློབ་གྲྭས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་བཟང་ལ་བརྩོན་ཏེ་ཕན་ཚུན་ཕྱར་བ་གྲུ་འདེགས་ཀྱིས་མ་འོངས་པར་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གང་མང་གསོ་སྐྱོང་བྱས་ཤིང་ཕ་ཡུལ་དང་རྒྱལ་ཁབ་ལ་ཕན་ཐོགས་པའི་འཇོན་ནུས་ཅན་བསྐྱང་དགོས་ལུགས་སོགས་ལ་རེ་བ་དང་མཛུབ་སྟོན་གནང་ཡོད་པ་རེད། 

ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་འབའ་ཐང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས།

  ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་ཚོགས་པའི་ཚོགས་མི།རྒྱལ་ཡོངས་རིམ་པའི་གཞི་རིམ་རིགས་གཞུང་སྔོན་ཐོན་སྒྲོག་འགྲེལ་པ། ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་དགེ་རྒན་ཆེན་མོ་ཨ་པད་ལགས་དགོན་སྡེ་དང་ཡུལ་ཤོག་ཁག་ཏུ་ཕྱིན་ནས་འབའ་ཐང་ཕ་ཡུལ་རང་གི་སྐད་ཀྱི་ཐོག་ནས་དགོན་པ་དག་གིས་ཆོས་འཆད་ཉན་གཙོ་བོར་བཟུང་ཞིང་རྒྱལ་ཁབ་ཀྱི་ཁྲིམས་ལྟར་དགོན་སྡེར་བདག་པོ་བྱས་ཤིང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འདིའི་མངའ་འོག་ཏུ་ཆོས་ལུགས་གང་དག་ཡོད་ན་དེ་དག་ཕན་ཚུན་བར་དུ་རོགས་འདེགས་ཀྱིས་འཆམ་མཐུན་བྱས་ཤིང་།

  སྤྱི་ཚོགས་རིང་ལུགས་དང་ཏང་གི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་ཞིང་རྒྱ་ཆེ་བའི་མི་དམངས་མང་ཚོགས་འཚོ་བ་སྐྱིད་པོ་དང་དཔལ་འབྱོར་ཕྱུག་པོར་ཆགས་པའི་དོན་དུ་རང་སྲོག་བློས་བཏང་དགོས་ནའང་འགྱོད་པ་མེད་པ་ལྟ་བུ་ཡིན་པས་རང་ལས་གཞན་གཅེས་ཀྱི་བསམ་བློ་ནི་ཏང་གི་མཐར་ཐུག་གི་དམིགས་ཡུལ་ཡིན་པས་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དང་གཞན་ཕན་གྱི་དོན་ཡིན་པས་ཕན་ཚུན་འགལ་མེད་དུ་གནས་པས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལྟར་མང་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་ཀྱི་སླད་དུ་ཆོས་ལུགས་ཀྱིས་རམ་འདེགས་དང་ཟུང་འབྲེལ་ངང་འཆམ་མཐུན་བྱ་དགོས་ཞེས་བསྟན་པས་མ་ཚད།

ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་འབའ་ཐང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས།

  དགོན་སྡེ་ནི་མི་དམངས་ཀྱི་མིག་དཔེ་ཡིན་པས་དེ་ལུགས་ཀྱིས་དགོན་སྡེ་དག་གིས་ཆོས་འཆད་ཉན་གཙོ་བོར་བཟུང་ནས་ཆོས་ལུགས་གྲུབ་མཐའ་སོ་སོའི་བར་དུ་མཐུན་སྒྲིལ་དང་ཆོས་ལུགས་པ་ཕན་ཚུན་བར་ལ་ཆ་བཞག་བློ་འཁེལ་བར་བྱ་དགོས་ཤིང་། རྒྱལ་ཁབ་ཀྱི་ཁྲིམས་ལྟར་དགོན་སྡེ་དང་མི་དམངས་ལེགས་ལམ་ལ་ཞུགས་ཤིང་ཡུལ་སྡེ་བ་ཚང་མ་ཕན་ཚུན་འཆམ་མཐུན་གྱི་དཔལ་ལ་རོལ་རྒྱུ་དང་མཐུན་སྒྲིལ་ཕྱོགས་ལ་ཤུགས་འཕྱུང་དགོས་ལུགས་སོགས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་དང་བསྐྱར་དུ་གསུངས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བརྒྱད་པའི་ཐེངས་དྲུག་པ་དང་བདུན་པའི་ལས་འཛིན་རྒྱས་འཛོམས་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ96འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།
  • དོ་སྣང་ཆེ་བའི་རྩོམ།