རང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ96འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།

ལྷ་འཛོམས་དང་སྐལ་ཐུབ་ཀྱིས་བསྒྱུར།        2017-06-30

  

རང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ96འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།

   ཟླ་བ6པའི་ཚེས29ཉིན་གྱི་སྔ་དྲོར། རང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ96འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་དར་མདོའི་ཟློས་གར་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྐབས། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད། གུང་ཁྲན་ཏང་མེད་ན་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཁྲི་བརྒྱ་ལྷག་གི་དེང་སང་གི་བདེ་སྐྱིད་ཀྱི་འཚོ་བའང་མེད་པ་རེད། ཏང་གི་འགོ་ཁྲིད་ནི་ང་ཚོས་ཉེན་ཁ་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་འཇལ་ཞིང་། དཀའ་སྡུག་དང་བར་ཆད།  ཉེན་ཁ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཆོག་ནོར་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་མི་དམངས་སྣེ་ཁྲིད་དེ་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་པའི་རྩ་བའི་འགན་ལེན་ཡང་ཡིན་པ་རེད། མི་རབས་དང་མི་རབས་བརྒྱུད་པའི་གུང་ཁྲན་ཏང་ཡོན་ཚོས་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་སྒེར་སེམས་མེད་པར་ཡོད་ཚད་ཕུལ་ནས་གསོན་ཉམས་ལྡན་པའི་སྒོས་གུང་ཁྲན་ཏང་ཡོན་གྱི་བརྩེ་སེམས་དམངས་ལ་འཆང་བ་དང་བླ་ན་མེད་པའི་སྤྱོད་ཚུལ་མཚོན་པ་རེད། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་གཡོ་འགུལ་མི་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པ། རང་གཤིས་མི་བརྗེད་པ།  ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་དང་ལོ་རྒྱུས་ཀྱི་ལས་འགན། དམིགས་ཡུལ། འགན་འཁྲི་བཅས་སེམས་ལ་བརྟན་པོ་བཟུང་ནས་མགྱོགས་མྱུར་དུ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗིད་ཉམས་ལྡན་པའི་བརྒྱུད་རིམ་ཁྲོད་བྱས་རྗེས་གསར་པ་དང་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས་ཞེས་ནན་གསུང་གནང་བ་རེད།

   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་སེན་ཡང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པའོ།  ཁུལ་ཨུའི་རྒྱུན་ཨུ། ཁུལ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིའུ་ཅེ་ཞང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཞིང་ལས་ལས་སྒྲུབ་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

   སྔ་དྲོའི་ཆུ་ཚོད8དང་སྐར་མ30ཐོག་ཚོགས་ཆེན་དེ་རྒྱལ་གླུ་དཀྲོལ་བའི་ཁྲོད་དུ་འགོ་ཚུགས་པ་རེད།

   ཚོགས་ཆེན་ཐོག་ཁུལ་ཨུའི་གཟེངས་བསྟོད་བརྡ་ཁྱབ་གཏོང་བ། ཁུལ་གྱི་འགོ་ཁྲིད་ཀྱིས་ཁག་བགོས་ཏེ་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་འཐུས་མིར་གཟེངས་བསྟོད་རྟགས་མ་དང་དཔང་ཡིག་གནང་། གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གི་ཤང(གྲོང་རྡལ)ཏང་ཨུའི་ཧྲུའུ་ཅི་། ཕུལ་བྱུང་གི་གུང་ཁྲན་ཏང་ཡོན། ཕུལ་བྱུང་གི་གྲོང་སྡེ(འདུས་སྡེ་ཁུལ)ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཕུལ་བྱུང་གི་ཧྲུའུ་ཅི་དང་པོ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་ཁུར་པའི་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་བྱས་པ་རེད།  

རང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ96འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།

     ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ང་ཚོས་ལོ་རྒྱུས་སེམས་ལ་དམ་པོར་ བཅངས་ཤིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་གཏིང་ཟབ་མོར་བྱས་ཏེ་འདུ་ཤེས་བཞི་བརྟན་པོར་ བཅང་དགོས། ང་ཚོས་ལོ་རྒྱུས་ཀྱི་འགན་འཁྲི་སེམས་ལ་དམ་པོར་བཅངས་ནས་ཞིང་ཆེན་ ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་ མཐར་ཕྱིན་བྱས་ཏེ་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་བསླེབ་པར་སྟོབས་ ཤུགས་འབུལ་དགོས། ང་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་སེམས་ལ་དམ་པོར་བཅངས་ཏེ་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་ཟབ་སྤེལ་ བྱས་ཏེ་ཚད་ལོན་པའི་ཏང་ཡོན་དང་ལས་སྒྲུབ་ཀྱི་གདོང་ལེན་པ་བྱ་དགོས། ང་ཚོས་འགན་འཁྲི་སེམས་ལ་དམ་པོར་བཅངས་ཏེ་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་ཞིང་རྒྱུན་ཆད་མེད་པར་ཏང་གི་བོད་ཁུལ་གྱི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏང་དགོས། གཅིག་ནི་བསམ་བློས་ཏང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་སེམས་ཤུགས་གཅིག་ཏུ་བསྒྲིལ་བར་སྐུལ་འདེད་ཤུགས་ཆེན་གཏང་དགོས། གཉིས་ནི་འཇོན་ནུས་ཇེ་ཆེར་གཏོང་བར་མངོན་གསལ་བྱས་ཏེ་བྱང་ཚད་མཐོ་བའི་སྲིད་འཛིན་གྱི་རྐང་འཛིན་དཔུང་སྡེ་འཛུགས་སྐྱོང་བྱ་དགོས། གསུམ་ནི་རྨང་གཞི་སྲ་བརྟན་བཟོ་བར་དམིགས་ནས་གཞི་རིམ་གྱི་ཏང་སྐྱོང་ལས་ཀ་ཕྱོགས་ཡོངས་ནས་ཡར་ཐོན་དང་ཚུགས་ཐུབ་པར་བྱ་དགོས། བཞི་ནི་རྩ་ལག་མཉམ་བཅོས་བྱས་ཏེ་དཀར་མཛེས་ཁུལ་གྱི་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་དེ་སྲ་བརྟན་འཕེལ་རྒྱས་གཏང་དགོས། 

    ཁུལ་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་སྡེ་ཚན་སོ་སོ་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་སོགས་འབྲེལ་ཡོད་མི་སྣ500ལྷག་ཚོགས་ཆེན་དུ་ཞུགས་པ་རེད། 

 

  • ལེ་ཚན་སྔོན་མ།:ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་འབའ་ཐང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་གིས་ཞིང་སྡེའི་བུད་མེད་ལ་དབུལ་ཐར་ཕྱུག་འགྱུར་བྱེད་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།