འདབ་པ་རྫོང་གིས་ཞིང་སྡེའི་བུད་མེད་ལ་དབུལ་ཐར་ཕྱུག་འགྱུར་བྱེད་རོགས་བྱས།

དབྱངས་ཅན་གྱིས་བསྒྱུར།        2017-07-03

      མིག་སྔར། འདབ་པ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསམ་མོ་ཤང་ཏང་ཨུ་དང་སྲིད་གཞུང་དང་མཉམ་དུ་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་ལག་རྩལ་མི་སྣ་གདན་འདྲེན་ཞུས་ནས་བསམ་མོ་ཤང་བསམ་མོ་གྲོང་སྡེའི་ཡུངས་དཀར་རྟེན་གཞིར་ཕྱིན་ནས། གསོ་སྦྱོང་བྱེད་སའི་ནང་ཞུགས་མཁན་གྱི་ཞིང་སྡེའི་བུད་མེད་ལ་ཡུངས་དཀར་འདེབས་འཛུགས་བྱེད་སྟངས་ཀྱི་ལག་རྩལ་བསླབས་པ་རེད།

      གསོ་སྦྱོང་བྱེད་པའི་སྐབས་སུ་ལག་རྩལ་མི་སྣས་སློབ་མ་རྣམས་ལ་ཕུར་འདེབས་དང་།གཏོར་འདེབས། འཕྲུལ་འདེབས་བཅས་འདེབས་འཛུགས་བྱེད་སྟངས་སྣ་ཁ་གསུམ་སློབ་ཁྲིད་བྱས་པར་མ་ཟད། ཚོན་སྣ་ལྔ་ལྡན་གྱི་ཡུངས་དཀར་ས་བོན་གསར་པ་ཁྱབ་གདལ་བཏང་ནས། དོན་སྙིང་ཟབ་ལ་གོ་བདེ་བའི་ངང་ཡུངས་དཀར་གྱི་ཐོན་ཚད་མཐོ་བའི་ལག་རྩལ་གཙོ་གནད་འགྲེལ་བཤད་བྱས་པ་རེད། གསོ་སྦྱོང་བྱས་རྗེས་སློབ་མ་ཚོས་དྲི་བ་བཏོན་པའི་འདེབས་འཛུགས་ཀྱི་དོགས་གནད་ལ་ལག་རྩལ་མི་སྣས་རེ་རེ་བཞིན་འགྲེལ་བཤད་ཞིབ་ཕྲ་བྱས་པ་རེད།

      ཐེངས་འདིའི་གསོ་སྦྱོང་ཁྲོད་ཞིང་སྡེའི་བུད་མེད་ཁྱོན་བསྡོམས80ལྷག་གིས་ཡུངས་དཀར་མུའུ21ལྷག་འདེབས་འཛུགས་བྱས་པ་དང་། འདེབས་འཛུགས་གསོ་སྦྱོང་གི་ལས་ཀ་སྤེལ་ནས་ཞིང་སྡེའི་བུད་མེད་ཀྱི་ཚན་རྩལ་སློབ་སྦྱོང་དང་བེད་སྤྱོད་གཏོང་བའི་ཧུར་བརྩོན་རང་བཞིན་ཇེ་དྲག་ཏུ་བཏང་བ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ96འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དབུལ་སྐྱོར་གནད་སྨིན་གྱི་སྐྱེ་ཁམས་མ་ལག་འཛུགས་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།