སེར་ཤུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བརྒྱད་པའི་ཐེངས་དྲུག་པ་དང་བདུན་པའི་ལས་འཛིན་རྒྱས་འཛོམས་ཚོགས་འདུ་འཚོགས།

ཟླ་བ་སྒྲོལ་མ།        2017-06-27

   སེར་ཤུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བརྒྱད་པའི་ཐེངས་དྲུག་པ་དང་བདུན་པའི་ལས་འཛིན་རྒྱས་འཛོམས་ཚོགས་འདུ་འཚོགས།

   ཟླ6པའི་ཚེས21ཉིན། སེར་ཤུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བརྒྱད་པའི་ཐེངས་དྲུག་པ་དང་བདུན་པའི་ལས་འཛིན་རྒྱས་འཛོམས་ཚོགས་འདུ་འཚོགས་པ་རེད། ཚོགས་འདུ་རུ་སེར་ཤུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བརྒྱད་པའི་ལས་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁ་སྣོན་བྱེད་པ་དང་། སེར་ཤུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བརྒྱད་པའི་གཅིག་ལྕོགས་ཀྱི་ཀྲུའུ་ཞི་གཞོན་པ ་བདམ་པས་མ་ཚད།  གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྔོན་ཐོན་ཅན་དང་ཕུལ་བྱུང་བུད་མེད་ལས་དོན་པ་སོགས་ལ་གཟེངས་བསྟོད་བྱས་པ་རེད།

   བུད་མེད་མཉམ་འབྲེལ་ལྷན་ཚོགས་སྒྲིག་བཅོས་བྱས་རྗེས་ཀྱི་བྱ་བའི་ངོ་བོ་གང་ལེགས་མཚོན་པ་དང་།  བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་བྱེད་ནུས་ལག་བསྟར་གང་ལེགས་བྱེད་ཆེད། ཚོགས་ཆེན་དུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་འགན་གཅིག་ལྕོགས་ཀྱི་ཀྲུའུ་ཞི་གཞོན་པ4བདམ་ཐོན་བྱུང་ཞིང་།  དེ་དག་ནི་བུད་མེད་ལས་དོན་ལ་དགའ་ཞེན་ཆེ་བ་དང་མང་ཚོགས་ལ་འབྲེལ་འདྲིས་ཟབ་པ། རིག་གནས་ཆུ་ཚད་དང་ལས་སྒྲུབ་ནུས་པ། སྤྱི་ཚོགས་བྱ་འགུལ་གྱི་ནུས་པ་སོགས་ཧ་ཅང་ཆེ་བའི་བུད་མེད་འཐུས་མི་ལས་གྲུབ་པ་ཡིན། 

    རྫོང་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་འདས་སོང་ལས་དོན་ལ་ཕྱོགས་བསྡོམས་དང་རྗེས་མའི་ལས་ཀར་འཆར་གཞི་བཞག་པ་དང་བླང་བྱ་རབ་དང་རིམ་པ་བཏོན་པ་རེད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་འབའ་ཐང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙིང་དོན་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།