ཐོལ་བྲིས་ཁ་ཚར་ཅན།

ཆོས་བཞིན།        2020-05-20

ཐོལ་བྲིས་ཁ་ཚར་ཅན།

ད་ལོར་གཉེན་ཡིག་དམར་པོ་ཀྱི་ལི་ལི།།

སང་ལོ་གཉེན་འཐོར་དཔང་ཡིག་ཐ་ར་ར།།

དོན་མེད་འཁོར་བའི་ཁྲོད་ཀྱི་ཆོས་ལ་ལར།།

བརྟགས་ཤིང་དཔྱད་ན་སེམས་ནས་ཁོང་དགོད་འཆོར།།

 

དགོས་རྒྱུ་སེམས་པ་མཐུན་ན་འགྲིག་ནི་རེད།།

འགྲིག་མཐུན་ཚེ་གཅིག་ཡིན་ན་བཟང་ནི་རེད།།

བཟང་བ་གཅིག་ཕན་གཅིག་གྲོགས་ཡག་ནི་རེད།།

ཡག་པོ་ཨ་འགྲིག་ཆ་འགྲིག་དགོས་ནི་རེད།།

 

ང་དགའ་ཁྱོད་སྐྱིད་སེམས་ཅན་ཀུན་ལ་མཁོ།།

ཁྱོད་བཟང་ང་རྒྱན་འགྲོ་བ་ཡོངས་ཀྱིས་མཆོད།།

ཁ་མཐུན་ཁོག་མཐུན་ཚེ་འདིའི་བདེ་སྐྱིད་ཉིད།།

གཞན་ཕན་སྙིང་བརྩེས་གཏན་གྱི་བདེ་དགེ་འབྱུང་།།

 

གཅིག་པུར་ལོས་དགའ་རང་ལས་གལ་ཆེན་མེད།།

སྐྱ་ཡར་ལོས་དགའ་ཚེ་གཅིག་ལས་ཀྱི་གྲོགས།།

ནང་མིར་ལོས་དགའ་ཆགས་སྡང་བྱོ་ས་ཡིན།།

དེ་བཞིན་ཀུན་ལ་དགའ་བ་དོན་ཆེན་ཉིད།།

 

࿇འཆད་དགོས་པ་ཞིག་ལ། ཚེས་དུས་འདི་ང་ཚོར་མཚོན་ན་དེ་འདྲའི་འོས་སུ་མི་ཆེ་ཡང་། ལྷག་དཀར་གྱི་དགའ་སྟོན་ལས་ཀྱང་ཕུན་ཚོགས་དམར་པོ་ཡུག་གཅིག་གི་གསར་དར་རྒྱ་སྐད་ཀྱི་ལམ་ནས་མཚོན་པའི༥༢༠དོན་དང་ལྡན་ཞིང་ཀུན་ལ་སྙོམ་ནུས་པའི་སྨོན་ལམ་སྙིང་ནས་བཏབ་པ་ཡིན།

༢༠༢༠.༥.༢༠ཉིན་གུང་ཉམས་མཚར་དུ་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

ཐོལ་བྲིས་ཁ་ཚར་ཅན།

  • ལེ་ཚན་སྔོན་མ།:བར་ཐག་རི་ཆུས་ བཅད་པའི་ཁྱེད།
  • ལེ་ཚན་རྗེས་མ།:ཨ་མར་བརྩེ་ཞེན་གྱིས་ཕུལ་བའི་མགུར།