2020ལོར་སླེབས་སྐབས་སི་ཁྲོན་གྱིས་གཙོ་གནད་དུ་ཁྱིམ་ཚང་ཞིང་ར་ཁྲི5ཙམ་གསོ་སྐྱོང་བྱ་རྒྱུ།

ཡེ་ཤེས་ཀྱིས་བསྒྱུར།        2017-06-19

      ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་བའི་གཏམ་གསར།    སི་ཁྲོན་ཞིང་ཆེན་ཞིང་ལས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ལོ་ལྔའི་ཆར་གཞི་བཅུ་གསུམ་པའི་ནང་སི་ཁྲོན་གྱིས་ཧུར་ཐག་གིས་རྣམ་པ་གསར་པའི་ཞིང་ལས་གཉེར་སྐྱོང་གི་གཙོ་ཤུགས་གསོ་སྐྱོང་བྱས་པར་བརྟེན།   2020ལོར་སླེབས་སྐབས་གཙོ་གནད་དུ་ཁྱིམ་ཚང་ཞིང་ར་ཁྲི5ཙམ་དང་ཞིང་པའི་མཉམ་ལས་ཁང་ཁྲི8.5གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་སི་ཁྲོན་གྱིསསི་ཁྲོན་ཞིང་ཆེན་གྱི་ལོ་ལྔའི་ཆར་གཞི་བཅུ་གསུམ་པ་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུའི་འཆར་འགོད བཀྲམ་ཡོད་པ་རེད།   འཆར་འགོད་བྱས་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་སི་ཁྲོན་གྱིས་ཞིང་སྡེའི་མ་དངུལ་དང་།  ཚན་རིག་ལག་རྩལ།  ཤེས་ལྡན་མི་སྣ།  ལས་གཞི་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱས་ཏེ་ཤུགས་ཆེན་པོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གཞི་ཁྱོན་འཚམ་པའི་བདག་གཉེར་འཕེལ་རྒྱས་གཏང་རྒྱུ་དང།  ཧུར་ཐག་གིས་དཔེ་གསར་ཅན་གྱི་ཞིང་ལས་བདག་གཉེར་གཙོ་ཤུགས་གསོ་སྐྱོང་བྱས་ཏེ་སྤྱི་ཚོགས་ཅན་གྱི་ཞབས་འདེགས་མ་ལག་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏང་རྒྱུ་རེད།

འཆར་འགོད་བྱས་པ་ལྟར་ན། སི་ཁྲོན་གྱིས་ཁ་གསབ་དང་།  དངུལ་རྩ།  ཉེན་འགོག་འགན་སྲུང་།   སྒྲིག་བཀོད་ཐད་སྤྱད་རྒྱུའི་ས་ཞིང་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏང་རྒྱུ་དང་།  ཞིང་པའི་གླ་པས་ཕ་ཡུལ་དུ་ལོག་ནས་ལས་ལམ་གསར་འབྱེད་བྱེད་པར་སྣེ་ཁྲིད་བྱ་རྒྱུ།   ཧུར་ཐག་གིས་ཆེད་ལས་དུད་ཚང་ཆེན་པོ་དང་།   ཁྱིམ་ཚང་ཞིང་ར།  ཞིང་པའི་མཉམ་ལས་ཁང་།  ཞིང་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་བཅས་གསོ་སྐྱོང་བྱ་རྒྱུ་རེད།   2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་སུ་གཙོ་གནད་དུ་ཆེད་ལས་དུད་ཚང་ཆེན་པོ་ཁྲི6.4དང་།   ཁྱིམ་ཚང་ཞིང་ར་ཁྲི5གསོ་སྐྱོང་བྱ་རྒྱུ་དང།  ཞིང་པའི་མཉམ་ལས་ཁང་ཁྲི8.5འཕེལ་རྒྱས་གཏང་རྒྱུ།   ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས9200བསྐྲུན་ཐུབ་པ་བྱ་རྒྱུ་རེད།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ཆེས་མཐོའི་བོད་ལུགས་གསོ་རིག་སློབ་གྲྭས་གསོ་སྐྱོང་བྱས་པའི་རབ་འབྱམས་པ་མི200ལས་བརྒལ།
  • ལེ་ཚན་རྗེས་མ།:བོད་ཀྱི་སློབ་གསོའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།