བོད་ཀྱི་སློབ་གསོའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་ཡིན་པ།

མི་དམངས་དྲ་བ།    མི་དམངས་དྲ་བ།    2017-06-21

 ཟླ་6ཚེས་15ཉིན་གསར་འགོད་པས་རྒྱལ་ཡོངས་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་དང་དགེ་རྒན་ཁྲི་ཡི་སློབ་སྐྱོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་སློབ་གསོ་པུས་པུའུ་ཨུད་མང་པོ་དང་མཉམ་འབྲེལ་བྱས་ཏེ་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ལག་བསྟར་བྱ་རྒྱུ་དང་འབྲེལ་ནང་སའི་ཕུལ་བྱུང་དགེ་རྒན་སྒྲིག་འཛུགས་བྱས་ནས་ཤིན་ཅང་དང་བོད་དུ་བསྐྱོད་དེ་སློབ་སྐྱོར་ལས་དོན་སྤེལ་ནས་ས་གནས་གཉིས་ཀྱི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།

    ཤིན་ཅང་དང་བོད་ཀྱི་སློབ་གསོའི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འདི་ལོ་སློབ་གསོ་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། མི་སྤྱི་པུའུ་བཅས་དང་མཉམ་དུ་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ལག་བསྟར་བྱ་རྒྱུ་དང་འབྲེལ་ནང་སའི་ཕུལ་བྱུང་དགེ་རྒན་སྒྲིག་འཛུགས་བྱས་ཏེ་ཤིན་ཅང་དང་བོད་དུ་བཏང་ནས་སློབ་གསོར་རོགས་སྐྱོར་བྱ་རྒྱུ་དང་ས་གནས་ཀྱི་དགེ་རྒན་སྣེ་ཁྲིད་དང་གསོ་སྦྱོང་བྱ་རྒྱུ་མ་ཟད། ཤིན་ཅང་དང་བོད་ཀྱིས་ནང་སའི་སློབ་གྲྭ་དང་མཉམ་དུ་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་མཉམ་དུ་སྤྱོད་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ནས་ཤིན་ཅང་དང་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་རེད། ཁག་དང་པོར་ས་གནས་གཉིས་ལ་དགེ་རྒན་4000གཏོང་རྒྱུའི་ཐོག་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་བཏང་བའི་དགེ་རྒན་དང་ལས་གནས་ཚབ་ཟིན་དངོས་སྦྱོང་དགེ་འོས་སློབ་མ་བསྣན་ན་ཁྱོན་མི་5500ཡོད་པ་རེད།

  སློབ་གསོ་པུའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ནི་ཤིན་ཅང་དང་བོད་ཀྱི་དགེ་རྒན་དཔུང་ཁག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པའི་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཡིན་ལ། ཤིན་ཅང་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཕན་པའི་དམངས་སེམས་ཀྱི་འདུ་འགོད་དང་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཀྱང་རེད། མངགས་གཏོང་ཐད་ཚད་གཞི་ནན་པ་དང་། ལས་ཀའི་ཐད་བླང་བྱ་མཐོ་བ། བེད་སྤྱོད་ཐད་ལྕག་འདེབས་ལ་གཙིགས་ཆེན། དོ་དམ་ཐད་ཐུགས་ཁུར་ལ་གཙིགས་ཆེན། ཞབས་ཞུའི་ཐད་འགན་ལེན་བཟང་སྒྲིག་སོགས་འགག་རྩའི་ལྷུ་ཚིགས་ལྔ་དམ་འཛིན་བྱས་ཏེ་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ལག་བསྟར་བྱེད་པའིཐོག་མའི་འགག་གནདལས་དོན་བསྒྲུབས་རྒྱུ་རེད་ཅེས་བརྗོད་བྱུང་།


  • ལེ་ཚན་སྔོན་མ།:2020ལོར་སླེབས་སྐབས་སི་ཁྲོན་གྱིས་གཙོ་གནད་དུ་ཁྱིམ་ཚང་ཞིང་ར་ཁྲི5ཙམ་གསོ་སྐྱོང་བྱ་རྒྱུ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་རེ་བའི་སློབ་ཆུང་ཨང་243པ་དབུ་བརྙེས་པ།
  • དོ་སྣང་ཆེ་བའི་རྩོམ།