འཛམ་གླིང་གི་སྒྲུང་རྩོམ་འབྲིང་ཐུང་འགྱུར་ཡིག་པར་སྐྲུན་བྱས་འདུག

ཡེ་མགོན་གྱིས་བྲིས།        2020-03-31

འཛམ་གླིང་གི་སྒྲུང་རྩོམ་འབྲིང་ཐུང་འགྱུར་ཡིག་པར་སྐྲུན་བྱས་འདུག


   ཉེ་ཆར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲིག་བྱས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའིའཛམ་གླིང་གི་སྒྲུང་རྩོམ་འབྲིང་ཐུང་གྲགས་ཅན་བདམས་བསྒྱུར》(བོད་ཡིགདངོས་སུ་འགྲེམས་སྤེལ་བྱས་ཤིང་། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཏོན་པའི་བོད་ཡིག་འགྱུར་རྩོམ་ཐེངས་དང་པོ་དེ་ཀློག་པ་པོ་ཚོའི་སྤྱན་ལམ་དུ་བསྟར་བ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། དཔེ་ཆ་འདི་བསྒྱུར་བའི་དམིགས་ཡུལ་ནི་ཞིང་ལྗོངས་ལྔའི་བོད་ཁུལ་གྱི་རྩོམ་རིག་ལ་དགའ་པོ་ཡོད་པའི་གཞོན་ནུ་ཚོའི་མཐོང་རྒྱ་ཇེ་ཆེ་དང་། ཞིང་ལྗོངས་ལྔའི་བོད་ཁུལ་གྱི་བོད་ཡིག་ཀློག་པ་པོས་ཕུལ་བྱུང་བརྩམས་ཆོས་སྔོག་འདོན་དང་དཔེ་ཀློག་གི་ཁོར་ཡུག་བཟང་པོ་བསྐྲུན་ནས་བོད་ཡིག་ཀློག་པ་པོའི་དཔེ་ཀློག་བྱང་ཚད་ཇེ་དྲག་ཏུ་གཏོང་རོགས་བྱ་ཆེད་ཡིན་པ་རེད། ཞིང་ལྗོངས་ལྔའི་བོད་ཁུལ་གྱི་བོད་ཡིག་ཀློག་པ་པོའི་དཔེ་ཀློག་དགོས་མཁོ་རྒྱུས་ལོན་གང་ལེགས་བྱེད་པའི་ཆེད་དུ། ཞིང་ལྗོངས་ལྔའི་བོད་ཁུལ་གྱི་བོད་ཡིག་རྩོམ་རིག་པའི་འཐུས་ཚབ་རང་བཞིན་གྱི་མི་སྣ་གདན་འདྲེན་ཞུས་ནས་དཔེ་ཆ་འདི་བསྒྱུར་བར་ཞུགས་ཡོད་པ་རེད། 

    ཞིབ་ཕྲའི་ནང་དོན་ཐད། དཔེ་ཆ་འདིའི་ནང་ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་རྩོམ་པ་པོ་གྲགས་ཅན་པའོ་ཨར་ཧྥུ་སིའིལམ་མདོའི་མེ་ཏོག་ལྡུམ་རདང་ལྗར་པན་རྒྱལ་ཁབ་ཀྱི་སྒྲུང་རྩོམ་པ་ཁྲོན་ཏོ་ཁང་ཁྲེང་གིདབྱི་ཏོའུ་ཡི་གར་མཨ་རི་རྒྱལ་ཁབ་ཀྱི་རྩོམ་པ་པོ་ཧའེ་མིང་ཝུན་གྱིམི་གསོད་མཁནཨ་རི་རྒྱལ་ཁབ་ཀྱི་སེམས་རྒྱུན་མཐུད་པའི་སྒྲུང་རྩོམ་གྱི་འཐུས་ཚབ་མི་སྣ་ཝུན་ལེན་ཧྥུ་ཁའེ་ནཱའིཨེ་མི་ལི་ཡི་རྒྱ་ཟེ་མེ་ཏོག་ཅིག་ལ་རྗེས་དྲན་བྱེད་པདབྱིན་ཇི་རྒྱལ་ཁབ་ཀྱི་སྒྲུང་རྩོམ་པ་མའོ་མོའིསྐུ་ཞབས་མཁྱེན་རྒྱ་ཅནནུབ་ཕྱོགས་དེང་རབས་རིང་ལུགས་ཀྱི་སྔོན་བྱོན་པ་དང་དགེ་རྒན་ཆེན་མོ་ཁཱ་ཧྥུ་ཁཱའིབཀྲེས་སྐོམ་སྒྱུ་རྩལ་པལ་སོགས་པའི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཁྱབ་པའི་རྩོམ་པ་པོའི་གལ་ཆེའི་བརྩམས་ཆོས་བཅུ་ལྷག་ཡོད་པ་རེད། 

གངས་དཀར་རི་བོའིདུས་དེབ་ཀྱི་བོད་ཡིག་རྩོམ་སྒྲིག་པ། དཔེ་ཆ་འདིའི་གཙོ་སྒྲིག་པ་ཀུན་བཟང་རྣམ་རྒྱལ་གྱིསའཛམ་གླིང་གི་སྒྲུང་རྩོམ་འབྲིང་ཐུང་གྲགས་ཅན་བདམས་བསྒྱུར》(བོད་ཡིགདཔེ་ཆ་འདིས་ཞིང་ལྗོངས་ལྔའི་བོད་ཁུལ་གྱི་རྩོམ་རིག་ལ་དགའ་པོ་ཡོད་མཁན་གཞོན་ནུ་དང་བོད་ཡིག་ཀློག་པ་པོའི་རྩོམ་རིག་མཐོང་རྒྱ་ཆེན་པོར་གཏོང་ཐུབ་ལ། བོད་ཡིག་གི་རྩོམ་པ་པོ་ཚོར་ཕན་ཐོགས་ངེས་ཅན་ཞིག་ཐོབ་ནས་རང་ངོས་ཀྱི་རྩོམ་བྲིས་ཆུ་ཚད་མཐོ་རུ་ཕྱིན་ནས་བོད་ཡིག་གི་རྩོམ་རིག་ལ་རོགས་རམ་ཐོན་ཐུབ་རྒྱུའི་རེ་བའང་ཡོད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་ཞིང་སྡེ་སྡོད་ཁང་ཉམས་གསོ་སྲ་བརྟན་ཐད་ཐབས་ལམ་གསར་པ་འབྱེད།
  • ལེ་ཚན་རྗེས་མ།:དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁ་ཕུ་ཐག་ཆོད་པར་སྟོབས་ཤུགས་གོང་བུར་གཅིག་ཏུ་འགྲིལ་དགོས།
  • དོ་སྣང་ཆེ་བའི་རྩོམ།