དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁ་ཕུ་ཐག་ཆོད་པར་སྟོབས་ཤུགས་གོང་བུར་གཅིག་ཏུ་འགྲིལ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2020-04-01

སྤྱི་ཟླ3པའི་ཚེས27ཉིན་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དྲིལ་བསྒྲགས་དང་བསམ་བློ་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའི་པུའུ་ཀྲང་གྲོས་ཚོགས་དང་ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ན་ནིང་གི་ལས་དོན་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པའི་དུས་མཚུངས་སུ་ད་ལོའི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སྐལ་བཟང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”མཇུག་བསྡུའི་ལོ་ཡིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལོའང་ཡིན་པ་རེད། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ། དབུལ་ཐར་འགག་སྒྲོལ་གནད་སྨིན་གྱི་ལས་དོན་སྒྲུབ་པར་བརྟེན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པའི་རྣམ་པ་འཛུགས་སྐྱོང་བྱེད་པའི་གཙོ་གནད་དམིགས་སུ་ཐོན་པ་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སེམས་སུ་ཟུག་པར་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏང་རྒྱུ་དང་། གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་སྟོབས་ལྡན་གཏང་རྒྱུར་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་འདི་ཤེས་ནུས་ལག་ལེན་གཅིག་གྱུར་བྱེད་པར་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏང་རྒྱུ། ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུར་འགྱུར་མེད་ཀྱི་བསམ་བློའི་འགན་ལེན་དང་བསམ་པའི་སྒུལ་ཤུགས་སྟོབས་ཆེ་ཞིག་འདོན་སྤྲོད་བྱ་དགོས་པ་སྟེ། གཅིག་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་བརྟེན་ནས“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱེད་པ་དང་། རིགས་པའི་གཞུང་ལུགས་ཁྱབ་གདལ་ལ་དམ་འཛིན་ཏན་ཏིག་བྱེད་པ། ཞིབ་འཇུག་དང་འཆད་འགྲེལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སེམས་སུ་ཟུག་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་དགོས།  གཉིས་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྒྲུབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པའི་རྣམ་པ་ཟབ་མོ་གཏོད་རྒྱུ་གཙོ་གནད་དུ་བྱས་ཏེ་བརྗོད་དོན་གསལ་པོ་མཚོན་པའི་གསར་འགྱུར་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། གསོན་ཉམས་ལྡན་པའི་གཟུགས་བརྙན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་ངར་སེམས་སྐུལ་བ། འཐབ་སེམས་འཕེལ་བ་བཅས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་དགོས། གསུམ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ“ཕྱོགས་བདུན་ལ་སྤེལ་རྒྱུ”གཙོ་གནད་དུ་བཟུང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་ཟབ་ཏུ་སྤེལ་བ། ཡ་རབས་ཀྱི་དར་སྲོལ་གསར་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཡ་རབས་ཀྱི་དར་སྲོལ་གསར་པ་དང་དམངས་སྲོལ་བབ་ཆགས་གསོ་སྐྱོང་བྱེད་པའི་ཐད་འགག་སྒྲོལ་གསར་པ་ཐུབ་པ་བྱ་དགོས། བཞི་ནས་རྩེར་སོན་རིག་རྩལ་གསར་རྩོམ་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་རྩེར་སོན་རིག་རྩལ་གསར་རྩོམ་ཐོན་སྐྱེད་དང་། གཞི་རིམ་རིག་གནས་དམངས་ཕན། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས། སྤྱི་པའི་རིག་གནས་རྨང་གཞི་བརྟན་པོ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་དགོས།ལྔ་ནས་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་གིས་ལྡོག་ལན་སྤྲོད་པའི་གནད་དོན་ལ་དག་ཐེར་བཅོས་སྐྱོང་དམ་འཛིན་ཡག་པོ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་གིས་ལྡོག་ལན་སྤྲད་པའི་གནད་དོན་དག་ཐེར་བཅོས་སྐྱོང་བྱ་རྒྱུ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་འཁུར་བ། གླེང་ཕྱོགས་ཀྱི་འཐབ་རྩོད་ནུས་ལྡན་མཐའ་གཅིག་ཏུ་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་མཐའ་གཅིག་ཏུ་སྲུང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་དགོས། དྲུག་ནས་ཏང་གི་བློས་འཁེལ་བ་དང་མི་དམངས་ཀྱི་བློར་བབབ་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་ཏང་ལ་བློ་དཀར་སེམས་དཀར་ཡིན་པའི་ཆབ་སྲིད་ལས་ཁུངས་ཤིག་དང་། སློབ་སྦྱོང་ལ་བརྩོན་ཞིང་བསམ་བློར་མཁས་པ་དང་ལས་སྒོ་བྱང་ཆུབ་པ་བཅས་ཀྱི་སློབ་སྦྱོང་ལས་ཁུངས་ཤིག འགན་འཁྲི་འཁུར་བ་དང་གཞུང་དྲང་གསར་གཏོད་ཀྱི་དངོས་སྒྲུབ་ལས་ཁུངས་བཅས་བཏོད་དེ་དྲིལ་བསྒྲགས་བསམ་བློའི་དཔུང་ཁག་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་རྒྱུའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་དགོས།། 


  • ལེ་ཚན་སྔོན་མ།:འཛམ་གླིང་གི་སྒྲུང་རྩོམ་འབྲིང་ཐུང་འགྱུར་ཡིག་པར་སྐྲུན་བྱས་འདུག
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་དུ་སྲ་བརྟན་བཏང་ནས་ཐོན་སྐྱེད་དང་འཚོ་བའི་རྒྱུན་ལྡན་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།