ཉེ་དུས་ཀྱི་གཏམ་བཟང་གསུམ།

སྐལ་ཐུབ་ཀྱིས་བསྡུས་བསྒྱུར་བྱས།        2020-02-29

      གཏམ་བཟང་དང་པོ་སྟེ། ཚེས28ཉིན་ལ། རང་ཁུལ་གྱི་རོང་བྲག་དང་བརྒྱད་ཟིལ། གསེར་ཐར། དཀར་མཛེས། སྡེ་དགེ། དཔལ་ཡུལ། ཉག་རོང་། ལི་ཐང་། འདབ་པ། ཕྱག་ཕྲེང་བཅས་རྫོང10ལ་སྤྱི་འགྲུལ་རླངས་འཁོར་འགྲོ་ཆོག་པ་རེད་འདུག རླངས་འཁོར་གཏོང་བའི་དུས་ཚོད་ནི་ཉིན་རེའི་ཞོགས་པའི་ཆུ་ཚོད7པ་དང7ཕྱེད་དང་། 9པ་བཅས་ཡིན་པ་རེད། གནས་ཚུལ་ཞིབ་ཕྲ་གོ་བསམ་ན་ཁ་པར་ཨང་གྲངས0836-2822211བརྒྱབ་ནས་འདྲི་རྩད་བྱེད་ཆོག་པ་རེད།

     གཏམ་བཟང་གཉིས་པ་སྟེ། གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིསསྐྱེ་ཁམས་ཕྱོགས་འདུས་སྐྱིན་ཚབ་སྦྱིན་པའི་ཚོད་ལྟ་རྫོང་གི་མིང་ཐོ་བཀྲམ་པའི་སྐོར་གྱི་བརྡ་ཐོའགྲེམས་སྤེལ་བྱས་ཏེ། རང་ཁུལ་གྱི་དཔལ་ཡུལ་རྫོང་དང་གསེར་ཐར་རྫོང་གཉིས་ལ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་འདུས་སྐྱིན་ཚབ་སྦྱིན་པའི་ཚོད་ལྟ་རྫོང་ཡིན་པའི་ཆོག་མཆན་ཐོབ་པ་རེད།


ཉེ་དུས་ཀྱི་གཏམ་བཟང་གསུམ།

     གཏམ་བཟང་གསུམ་པ་སྟེ། གསར་འགོད་པས་ལི་ཐང་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལི་ཐང་མཐོ་གྲང་སིལ་ཏོག་དང་སྔོ་ཚལ་རྟེན་གཞིར་བཙུགས་པའི་ཞིང་ལས་ཐོན་རྫས་ཤྭ་མངར་དང་ནགས་རྣ་གཉིས་ལ་རྒྱལ་ཁབ་ཞིང་ལས་དང་ཞིང་སྡེ་པུའུ་ཀྲུང་གོ་ལྷད་མེད་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་ཞིབ་དཔྱད་བྱས་ནས་ལྷད་མེད་བཟའ་བཅསAརིམ་པའི་ཚད་གཞི་དང་མཐུན་པས་རྒྱལ་ཁབ་རིམ་པའི་ལྷད་མེད་བཟའ་བཅའི་དཔང་དཔྱད་ཐོབ་པ་རེད། ཐོན་རྫས་དེ་གཉིས་ནི་ལི་ཐང་རྫོང་གི་རྒྱལ་ཁབ་རིམ་པའི་ལྷད་མེད་བཟའ་བཅའི་དཔང་དཔྱད་ཐོབ་པའི་ཐོན་རྫས་ཐོག་མར་གྱུར་ཡོད།

  • ལེ་ཚན་སྔོན་མ།:ཁ་སང་ནད་དུག་ཕོག་མཁན་བྱུང་མི་འདུག ཕྱི་དྲོར་ཡང་ནད་པ8དྲག་ནས་སྨན་ཁང་ལས་བུད།
  • ལེ་ཚན་རྗེས་མ།:རང་གིས་ནུས་པའི་སྲི་ཞུ་སྒྲུབ་མཁན་ཁོང་ལྟ་བུར་གུས་འདུད་ཞུ།
  • དོ་སྣང་ཆེ་བའི་རྩོམ།