ཁ་སང་ནད་དུག་ཕོག་མཁན་བྱུང་མི་འདུག ཕྱི་དྲོར་ཡང་ནད་པ8དྲག་ནས་སྨན་ཁང་ལས་བུད།

    མགར་རྒྱལ་སྲས།    2020-02-29

     ཟླ2པའི་ཚེས28ཉིན་ལ་སི་ཁྲོན་ལ་ནད་དུག་གསར་པ་ཕོག་མཁན་བྱུང་མི་འདུག  ནད་དྲག་ནས་སྨན་ཁང་ལས་བུད་པ24དང་གསར་དུ་དོགས་པ་ཡོད་པའི་མི2བྱུང་འདུག

     ཟླ2པའི་ཚེས28ཉིན་གྱི་ཕྱི་དྲོར། རྟའུ་རྫོང་གི་ནད་པ8ནད་དྲག་སྟེ་སྨན་ཁང་ལས་བུད་འདུག  སྨན་པ་རྣམས་ཀྱིས་སྨན་བཅོས་ཡག་པོ་བྱས་པའི་དྲིན་གྱིས་ད་བར་དུ་ནད་དུག་ཕོག་པ་རྣམས་ལས་མི31དྲག་སྟེ་སྨན་ཁང་ལས་བུད་པ་རེད།

ཁ་སང་ཕྱིར་དྲོར་སྨན་ཁང་ལས་བུད་པའི་ནད་པ་ཚོའི་གནས་ཚུལ་མདོར་བསྡུས་ནི།

༡  སྐྱེས་པ་བཀྲ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ་ན41ལ་སོན། ཟླ2པའི་ཚེས16ཉིན་ནད་དུག་ཕོག་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།

༢  བུད་མེད་བདེ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ་ན54ལ་སོན། ཟླ2པའི་ཚེས5ཉིན་ནད་དུག་ཕོག་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།

༣  བུད་མེད་རིན་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ་ན26ལ་སོན། ཟླ2པའི་ཚེས8ཉིན་ནད་དུག་ཕོག་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།

༤  བུད་མེད་བུ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ་ན21ལ་སོན། ཟླ2པའི་ཚེས9ཉིན་ནད་དུག་ཕོག་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།

༥  སྐྱེས་པ་སྤེན་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ་ན30ལ་སོན། ཟླ2པའི་ཚེས15ཉིན་ནད་དུག་ཕོག་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།

  སྐྱེས་པ་བློ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ་ན41ལ་སོན། ཟླ2པའི་ཚེས17ཉིན་ནད་དུག་ཕོག་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།

  སྐྱེས་པ་བློ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ་ན49ལ་སོན། ཟླ2པའི་ཚེས8ཉིན་ནད་དུག་ཕོག་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།

  བུད་མེད་བསོད་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ་ན55ལ་སོན། ཟླ2པའི་ཚེས11ཉིན་ནད་དུག་ཕོག་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།

ཁ་སང་ནད་དུག་ཕོག་མཁན་བྱུང་མི་འདུག ཕྱི་དྲོར་ཡང་ནད་པ8དྲག་ནས་སྨན་ཁང་ལས་བུད།

ཁ་སང་ནད་དུག་ཕོག་མཁན་བྱུང་མི་འདུག ཕྱི་དྲོར་ཡང་ནད་པ8དྲག་ནས་སྨན་ཁང་ལས་བུད།

  • ལེ་ཚན་སྔོན་མ།:རང་གིས་ནུས་པའི་སྲི་ཞུ་སྒྲུབ་མཁན་ཁོང་ལྟ་བུར་གུས་འདུད་ཞུ།
  • ལེ་ཚན་རྗེས་མ།:ཉེ་དུས་ཀྱི་གཏམ་བཟང་གསུམ།
  • དོ་སྣང་ཆེ་བའི་རྩོམ།