རང་གིས་ནུས་པའི་སྲི་ཞུ་སྒྲུབ་མཁན་ཁོང་ལྟ་བུར་གུས་འདུད་ཞུ།

    ཀྲུང་གོའི་གསེར་རྟའི་འཕྲིན་སྟེགས་ལས་དྲངས།    2020-02-29


རང་གིས་ནུས་པའི་སྲི་ཞུ་སྒྲུབ་མཁན་ཁོང་ལྟ་བུར་གུས་འདུད་ཞུ།


   རིམས་ནད་སྔོན་འགོག་ཚོད་འཛིན་ནི་ལྟད་མོ་བ་མེད་པའི་དམངས་ཡོངས་ཀྱི་ལས་འགུལ་ཅིག་ཡིན་ཞིང་། དུས་ཚོད་དང་འགྲན་བསྡུར་བྱེད་པ་དང་། ནད་གདོན་དང་འཐབ་རྩོད་བྱེད་པའི་འགག་རྩའི་དུས་སུ་གང་ས་གང་དུ་ན་གཞོན་ཚོས་ལེགས་སྐྱེས་འབུལ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད་ལ། གང་ས་གང་དུ་ལང་ཚོའི་སྟོབས་ཤུགས་དང་འགན་འཁྲི་ཡང་མཐོང་རྒྱུ་ཡོད།


རང་གིས་ནུས་པའི་སྲི་ཞུ་སྒྲུབ་མཁན་ཁོང་ལྟ་བུར་གུས་འདུད་ཞུ།

   “མིག་སྔར་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ང་རང་གསེར་རྟའི་ན་གཞོན་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཕ་ཡུལ་ལ་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་ཁག་གཅིག་བསྒྲུབ་རྒྱུའི་རེ་བ་ཡོད”ཅེས་པད་མ་འཇིགས་མེད་ཀྱིས་བཤད། འདི་ནི་ནོར་གནག་ཚད་ཡོད་འགན་འཁྲི་ཀུང་སིས་ཟླ༢པའི་ཚེས༩ཉིན་ནས་བཟུང་འགོག་སྲུང་ཁ་རས་ཐོན་སྐྱེད་བྱས་པའི་ཉིན༡༢པ་ཡིན། པད་མ་འཇིགས་མེད་ནི་ད་ལོ་ལོ25ལ་སླེབས་པ་དང་། གསེར་རྟ་རྫོང་ནོར་གནག་ཚད་ཡོད་འགན་འཁྲི་ཀུང་སིའི“ལོ་རབས་90པའི་ནང་སྐྱེས་པའི”འགན་འཁུར་མི་སྣ་ཡིན་པ་དང་། ཀུང་སི་དེས་གཙོ་བོ་འབྲི་གཡག་གི་ཁུ་ལུ་ཉོ་སྒྲུབ་དང་ལས་སྣོན་བྱས་ནས་ས་གནས་དེ་གའི་འབྲོག་ལས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་ཐག་གཅོད་བྱས་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཡོད། 2019ལོར་དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་གྲོང་གསེབ་ཀྱི་ཤེས་ལྡན་པའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོར“བྱ་དགའ་རིམ་པ་གསུམ་པ”དང“སི་ཁྲོན་ཞིང་ཆེན་གྱི་སྐབས་བཞི་པའི་གྲོང་གསེབ་ཀྱི་ཤེས་ལྡན་པའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོའི་གྲོང་གསེབ་དར་རྒྱས་ཀྱི་ལེགས་སྐྱེས་བྱ་དགའ”སོགས་བྱ་དགའ་བསྟུད་མར་ཐོབ་པ་རེད། ཁོས་ཞིང་འབྲོག་མང་ཚོགས་ལ་འགོག་སྲུང་ཁ་རས་དཀོན་པ་ཤེས་སྐབས། ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལོ་རྗེས་མར་ཁུ་ལུའི་རྒྱུ་ཆ་ཉོ་བའི་མ་དངུལ་སྒོར་ཁྲི5བཏོན་པ་དང་། ཕྱོགས་མང་པོ་ནས་ཁ་རས་བཟོ་གྲྭ་དང་འབྲེལ་བ་བྱས་ཏེ་ཁ་རས་ཐོན་སྐྱེད་ཀྱི་རྒྱུ་ཆ་ཉོས་ཤིང་། ཀུང་སིའི་ལས་མི་21གིས་པད་འཇིགས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཁ་རས་ཐོན་སྐྱེད་བྱེད་སྐབས་དགའ་སྤྲོའི་ངང་ཁོང་ལ་བསྔགས་བརྗོད་བྱས་པ་དང་འབྲེལ་གླ་ཆ་གང་ཡང་མི་དགོས་པར་རང་མོས་ངང་རོགས་རམ་བྱེད་དུ་ཡོང་ཞེས་བཤད། པད་མ་འཇིགས་མེད་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། མི་སྣ་མང་པོ་འདུ་འཛོམས་མི་བྱེད་མི་རུང་བས། ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གི་མོས་མཐུན་ཐོབ་རྗེས་ལས་སྒོར་བྱང་ཆུབ་པའི་ལས་མི3གསུམ་གྱིས་ལས་ཀ་གཉེར། ཉིན10ལྷག་ཙམ་རིང་པད་མ་འཇིགས་མེད་ཀྱི་བཟོ་ཁང་ནང་ལས་བྲེལ་ཆེ་བས་པད་མ་འཇིགས་མེད་ཀྱིས་ཁོང་ཚོར་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་བྱས་ཏེ། ལས་བགོས་ཞིབ་ཚགས་བྱས་པ་དང་འབྲེལ་ཁོང་ཚོར་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པའི་མངགས་བཅོལ་ཡང་བྱས་པ་རེད། ཞོགས་པའི་ཆུ་ཚོད7པ་ནས་བཟུང་དྲས་གཏུབ་དང་། བཟོ་བ། འཚེམ་བཟོ་བཅས་བྱེད་ཀྱི་ཡོད། ཉིན་ལྟར་ཐོན་སྐྱེད་བྱས་པའི་ཁ་རས་དུས་ཐོག་ཏུ་རྫོང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སུ་དུག་སེལ་བྱེད་པར་བསྐྱལ་ཞིང་། དགོང་མོའི་ཆུ་ཚོད12པ་ཡོལ་རྗེས་པད་མ་འཇིགས་མེད་དང་ཁོང་གི་ལས་མི་དག་གཞི་ནས་ཉིན་གཅིག་གི་ལས་ཀ་མཇུག་སྒྲིལ་བ་དང་། ཕྱི་ཉིན་ཞོགས་པ་སྔ་པོ་ནས་ཁོང་གིས་ཁ་རས་རེ་རེ་བཞིན་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཀྱི་ཡོད།

   རྒྱུས་ལོན་བྱུང་བ་ལྟར་ན། ཁོང་ཚོས་ཁ་རས10000ལྷག་ཙམ་ཐོན་སྐྱེད་བྱས་པའི་ནང་ཁ་རས9000ལྷག་ཙམ་མང་ཚོགས་ཀྱི་ལག་ཏུ་སྤྲད་པ་དང་། ཉིན་གཉིས་ནང་ཐོན་སྐྱེད་བྱས་ཟིན་པའི་ཁ་རས1000ལྷག་ཙམ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་གཞུང་ལས་ཁང་ལ་ཞལ་འདེབས་བརྒྱབ་པ་རེད།


རང་གིས་ནུས་པའི་སྲི་ཞུ་སྒྲུབ་མཁན་ཁོང་ལྟ་བུར་གུས་འདུད་ཞུ།

   འབད་བརྩོན་ནི་ལང་ཚོའི་ཆེས་མཛེས་ཤིང་སྡུག་པའི་རྣམ་པ་དང་། སྐྱེས་འབུལ་ནི་ལང་ཚོའི་ཆེས་ལེགས་པའི་མགྲིན་ཚབ་ཡིན། ད་དུང་པད་མ་འཇིགས་མེད་དང་འདྲ་བའི་གཞོན་ནུ་མང་པོ་ཞིག་གིས་རིམས་ནད་སྔོན་འགོག་དངཚོད་འཛིན་གྱི་འཐབ་ར་དང་པོའི་དམག་འཐབ་བྱ་ཡུལ་དུ་འཆི་རྒྱུར་མི་སྐྲག་པ་དང་། ཐོབ་ཆ་མི་གཉེར་བའི་“ཡིད་འོང་གི་མི་སྣ”མཛེས་ཤོས་དབང་མཚོ་དང་ལྷ་བུ་དེག་བཤེས་ལྟ་བུ། སྦོ་མདའ་རིམས་བཤེར་གཱ་རུ་མི་དམངས་མང་ཚོགས་ཀྱི“སྲུང་སྐྱོབ་པ”བསྟན་པ་ཆོས་ལྡན་དང་ཆིན་ཞའོ་དབྱང་། ཡུལ་ཚོ་དང་གྲོང་རྡལ་དང་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“གཙོ་རྐང”བཀྲ་ཤིས་ཕུན་ཚོགས་དང་ཡར་འཕེལ་སོགས། མི་ཚང་མའི་ལས་གནས་མི་འདྲ་བ་དང་འགན་འཁྲི་མི་འདྲ་ཡང་ཁོང་ཚོས་འགན་འཁྲི་དང་རེ་བ་གཅིག་མཚུངས་བཅངས་ནས་འགན་འཁྲི་ཁུར་ཕོད་པ་དང་ལེགས་སྐྱེས་ཕུལ་ཏེ། ལང་ཚོའི་འོད་སྣང་དེ་རིམས་འགོག་འཐབ་ར་དང་པོ་ནས་འཚེ་བར་བྱས་པས། ཁོ་ཚོ་ཚང་མར་ཐུན་མོང་གི་མིང་ཞིག་ཡོད་དེ། དེ་ནི་གསེར་རྟའི་གཞོན་ནུ་ཡིན།


རང་གིས་ནུས་པའི་སྲི་ཞུ་སྒྲུབ་མཁན་ཁོང་ལྟ་བུར་གུས་འདུད་ཞུ།

རང་གིས་ནུས་པའི་སྲི་ཞུ་སྒྲུབ་མཁན་ཁོང་ལྟ་བུར་གུས་འདུད་ཞུ།

རང་གིས་ནུས་པའི་སྲི་ཞུ་སྒྲུབ་མཁན་ཁོང་ལྟ་བུར་གུས་འདུད་ཞུ།

རང་གིས་ནུས་པའི་སྲི་ཞུ་སྒྲུབ་མཁན་ཁོང་ལྟ་བུར་གུས་འདུད་ཞུ།

  • ལེ་ཚན་སྔོན་མ།:ཉེ་དུས་ཀྱི་གཏམ་བཟང་གསུམ།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་ནས་གེ་སར་གནམ་ཐང་བར་དུ་གནམ་གྲུ་འཕུར་ཐེངས་ཇེ་མང་བཏང་།
  • དོ་སྣང་ཆེ་བའི་རྩོམ།