ཁམས་ཀྱི་རྟའུ་པ། ངའི་ཕུ་ནུ་མིང་སྲིང་།

སྨུག་པོ་བདེ་སྐྱོང་བྱམས།        2020-02-21

ཕྱི་ཡི་སྣོད་བཅུད་ལྷ་རུ་བཀུར་མྱོང་བའི་ཨ་རྟའུ་པ།

ནང་གི་སེམས་ཅན་མ་རུ་བསྒོམས་མྱོང་བའི་ཨ་རྟའུ་པ།

རྟ་ཁྱུ་ཁམ་པའི་རྨིག་རྒོད་ཀྱིས་རྡུལ་གྱི་ཀ་བ་བསླངས་མྱོང་

བའི་ཁམས་པ་ལགས།

རྒོད་པོའི་གཤོག་རུ་མཐིང་ནག་གངས་ཀྱི་མཐའ་ལ་བསྐྱངས་

མྱོང་བའི་ཁམས་པ་ལགས།

ཏག་ཏག་དར་ཁ་དགུན་གཞུང་ལ་འགྲིག་འདུག་པས།

ངས་ཚེ་འདིར་ལན་གཅིག་ཀྱང་མཇལ་མ་མྱོང་བའི་ཕུ་ནུ་

མིང་སྲིང་ཁྱེད་ཅག་དྲན་ཡོང་།

དཔྱིད་ཀྱི་སྔོན་མ་དང་ཉི་འོད་ཀྱི་གཙང་བོར་སྒུག་པའི་ཁྱེད་

ཅག་གི་སྐོམ་གདུང་དྲན་ཡོང་།

མིག་མཐར་འཁྱག་སིབ་སིབ་ཀྱིས་བཞུར་བའི་མཆི་མའི་གདུང་

བ་དྲན་ཡོང་།

ཁམས་ཀྱི་རྟའུ་པ། དཔྱིད་ཀ་སླེབས་ལ་ཉེ་ཡང་།

ངས་ཕུ་ནུ་མིང་སྲིང་ཁྱེད་ཅག་ང་དང་རྒྱང་དུ་གྱེས་འགྲོ་བར་

ཞེད་སྣང་ཆེ།

ངས་ཕུ་ནུ་མིང་སྲིང་ཁྱེད་ཅག་ལྷིང་འཇགས་བྲལ་བའི་ལོ་

ཟླ་འདིས་འདའ་འགྲོ་བར་ངུ་སྙིང་སྐྱེས།

ཡིན་ཡང་།  ཁྱེད་ཀྱི་སྐྱོ་གདུང་གི་མགོ་བོ་ངེད་ཅག་གི་ཕྲག་

ཞེང་ལ་བསྙེ་ནས་བཤུམ་རོགས།

ཁམས་ཀྱི་རྟའུ་པ། ངའི་ཕུ་ནུ་མིང་སྲིང་ལགས།

ཚེ་འདིར་ལན་གཅིག་ཀྱང་མཇལ་མ་མྱོང་ནའང་།

ཁྲག་དང་རུས་པས་བསྩལ་བའི་ཞེ་འདང་འདིས་ང་ཚོ་ནམ་

ཡང་གཅིག་ལ་བསྒྲིལ་ཡོད།         


  • ལེ་ཚན་སྔོན་མ།:བོད་ལྕགས་ཕོ་བྱི་བ་ལོའི་ལོ་སར་ལ་ཕུལ་བའི་མྱངས་པས་ངོམས་པ་མེད་པའི་གླུ།
  • ལེ་ཚན་རྗེས་མ།:​ཁམས་རྟའུ་ལ་བསྐུར་བའི་སྙིང་གཏམ།