སེམས་ཀྱི་རི་དྭགས་འདྲོགས་པ།

རོ་ཟན།        2020-01-09

ཁྱོད་ཀྱིས་ཐེངས་དང་པོ་ངའི་མིང་ནས་འབོད་པའི་དུས་ཚོད་དེ།

ངས་ད་ལྟའང་དྲན་སོས་ཀྱིན་འདུག

གྲོང་ཁྱེར་གྱི་སྲང་ལམ་དུ་དབྱར་གྱི་མེ་ཏོག་བཞད་པ་ལྟ་བུའི།

མདང་དགོང་གི་དུས་ཚོད་ཆིག་སྟོང་དང་སྐར་མ་ཀླད་ཀོར་

གྱི་ཐོག་ཏུ་རེད།

དེ་དུས་ངས་ཟླ་བ་ཁོ་ནར་ཅེར་བཞིན་ག་ལེར་མྱིག་ཆུ་ཤོར་སོང་།

མྱིག་ཆུ་ཐིགས་པ་གཅིག་ལ་བརྩེ་དུང་མཚོན་བྱེད་ཀྱི་ཡིག་འབྲུ་

ཞིག་ཀྱང་ཤུགས་ཀྱིས་བྲིས།

ཡིན་ཡང་།   ཁྱོད་རང་ནི་ཐག་ཉེ་ཐག་ཉེ་ཞིག་དང་།  

ཐག་རིང་ཐག་རིང་ཞིག་ལ།

འཇམ་ཅག་གེར་བཞུགས་པའི་སྒྲོལ་མ་དཀར་མོའི་ལྷ་སྐུ་དེ་རེད།


མཚན་མོའི་ཧྲག་བར་ནས་བདག་གིས་ཁྱོད་ལ་རྒྱ་སེ་དམར་

པོའི་རྣ་ལུང་ཞིག་བཟོས་ཀྱང་།

ང་ད་རུང་ཁྱོད་ལ་སྐྱེས་སུ་འབུལ་རྒྱུ་ཞེད་སྣང་སྐྱེ་ཡི་འདུག


  • ལེ་ཚན་སྔོན་མ།:ལམ་གྱི་སྔ་གཞུག་ཏུ།
  • ལེ་ཚན་རྗེས་མ།:རླུང་བུ་ལྡང་ཕྱོགས་ཀྱིས།