ལོ་ངོ70ཡི་རིང་ལ་ཀྲུང་གོ་བ་རྣམས་འཚོ་གནས་རང་བཞིན་གྱི་འཛད་སྤྱོད་ནས་འཕེལ་རྒྱས་རང་བཞིན་གྱི་འཛད་སྤྱོད་ལ་གོམ་ཁ་བསྒྱུར་པ།

    མཚོ་སྔོན་བོད་ཡིག་གསར་འགྱུར།    2019-11-19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་སྤྱི་འབོར་དེ1952ལོའི་སྒོར་དུང་ཕྱུར227ནས2018ལོའི་སྒོར་དུང་ཕྱུར་ཁྲི38ལ་འཕར་བས། འཚོ་གནས་རང་བཞིན་གྱི་འཛད་སྤྱོད་ནས་འཕེལ་རྒྱས་རང་བཞིན་གྱི་འཛད་སྤྱོད་ལ་གོམ་ཁ་བསྒྱུར་བ་རེད། འཛད་སྤྱོད་ཀྱི་ཁ་ཕྱོགས་འགྱུར་བ་ལས་དབུལ་ཕོངས་ནས་ལྟོ་རྒྱབ་ལ་སེམས་ཁྲལ་བྱེད་དགོས་པ་དང་། དེ་ནས་སྤྱིའི་རྣམ་པའི་འབྱོར་འབྲིང་དུ་སླེབས་པས། ཀྲུང་གོའི་མི་དམངས་ཀྱི་འཚོ་བར་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་བ་མཚོན་ཡོད།

ལོ་ངོ70ཡི་རིང་ལ། གང་ཞིག་ཉོ་བར་གློ་བུར་འགྱུར་བ་བྱུང་ཡོད་ལ། ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་མགོར། སྤྱི་དམངས་ཀྱི་འཛད་སྤྱོད་གཙོ་བོ་ནི་ལྟོ་རྒྱབ་ཚིམ་པར་བྱེད་པ་ཡིན་ལ། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་ནས་བདུན་ཅུ་པའི་བར་ལ་ལྕགས་རྟ་དང་ལག་འདོགས་ཆུ་ཚོད། འཚེམ་འཁོར་བཅས་ནི་གཉེན་སྒྲིག་ལ་ངེས་པར་མཁོ་བའི་དངོས་པོ་རྩ་ཆེན་གསུམ་ཡིན། ལོ་རབས་དགུ་བཅུ་པའི་ནང་དུ། ཚོན་ལྡན་བརྙན་འཕྲིན་དང་འཁྱག་སྒམ། གོས་འཁྲུད་འཕྲུལ་ཆས་བཅས་དངོས་པོ་གསར་པ་འདི་གསུམ་རིམ་བཞིན་འཚོ་བའི་མཚོན་རྟགས་སུ་གྱུར། དུས་རབས་ཉེར་གཅིག་པའི་སྐབས་སུ་རིག་ནུས་ཁྱིམ་ཆས་དང་རླངས་འཁོར་འཛད་སྤྱོད་ཀྱི་ཁྱབ་ཇེ་ཆེ་ནས་ཇེ་ཆེ་རེད། མཁར་གྲོང་སྡོད་དམངས་ཀྱི་ཁྱིམ་ཚང་བརྒྱའི་ནང་རླངས་འཁོར་ཡོད་པའི་ཚད2002ལོའི0.88ནས2018ལོའི་རླངས་འཁོར40ལ་འཕར་ཡོད་པ་རེད།

ལོ་ངོ70ཡི་རིང་ལ། ཇི་ལྟར་ཉོ་བར་འགྱུར་བ་གཏིང་ཟབ་བྱུང་ཡོད། 2018ལོའི་ཟླ12པའི་བར་ལ། ཀྲུང་གོའི་དྲ་ཐོག་ཚོང་རྒྱག་མཁན་གྱི་གཞི་རྒྱ་དུང་ཕྱུར་དྲུག་ལས་བརྒལ་བ་རེད། སྤོ་སྒུལ་གཏོང་སྤྲོད་དང་ངོ་བཤེར་ཟོང་ཉོ། མི་མེད་ཚོང་ཐོག་ཁང་གི་ཕྱིར་འཚོང་སོགས་ཀྱི་རྣམ་པས་རྒྱལ་དམངས་ཀྱི་ཟོང་ཉོའི་མྱོང་རོལ་ལ་འགྱུར་བ་གསར་པ་འབྱུང་བཞིན་པ་དང་། “བཅུ་གཅིག་ཟུང”སོགས་ཟོང་ཉོའི་དུས་ཆེན“སྐབས་ཀྱི་དུས་ཚོད་གཅིག་གི་ཚོང་འགྲིག་གྲངས་ཚད་ལོ་སྔོན་མའི་ཉིན་གང་བོའི་གྲངས་འབོར་ལས་བརྒལ་བ”ནི་གློག་ཚོང་འཕྲིན་སྟེགས་ཆེ་ཤོས་སུ་རྒྱུན་དུ་མཐོང་འདུག

ཆེས་ཆེ་བའི་འགྱུར་ལྡོག་ནི་གཟུགས་ཡོད་ནས་གཟུགས་མེད་ཀྱི་འཛད་སྤྱོད་ལ་འགྱུར་བ་བྱུང་བ་དེ་རེད། རྒྱལ་འབངས་ཀྱི“ཟོང་ཉོའི་འཁོར་ཁང”ནང་དེ་སྔོན་ཟས་རིགས་དང་གྱོན་པ་ནི་གཙོ་བོ་ཡིན་ལ། དེང་སྐབས་ཡུལ་སྐོར་དང་ལུས་སྦྱོང་གི་གདམ་ག་གཙོ་བོར་གྱུར་ཡོད།2018ལོར། ཀྲུང་གོའི་ཞབས་ཞུའི་འཛད་སྤྱོད་འགྲོ་གྲོན་གྱིས་སྤྱིའི་འཛད་སྤྱོད་འགྲོ་གྲོན་གྱི50%ཙམ་ཟིན་འདུག

མིག་སྔར། རང་རྒྱལ་གྱི་འཛད་སྤྱོད་འདྲ་གཟུགས་ཅན་གྱི་རླབས་རྒྱུན་རྣམ་པའི་དུས་རིམ་ནས་ཁྱད་ཆོས་ཅན་དང་སྣ་མང་ཅན་གྱི་དུས་རིམ་ལ་ཕྱོགས་ཀྱིན་ཡོད། 2018ལོར། མཇུག་མཐའི་འཛད་སྤྱོད་འགྲོ་གྲོན་གྱིསGDPའཕར་ཚད་ལ་བཅུ་ཆའི་བདུན་གྱི་ནུས་པ་ཐོན་པ་དང་། བསྟུད་མར་ལོ5ཡི་རིང་ལ་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་དང་པོར་གྱུར་འདུག

འཛད་སྤྱོད་ཀྱི་རིམ་པ་འཕར་བ་ཡིས། ཀྲུང་གོར་འགྱུར་ལྡོག་བཏང་ཞིང་། འཛམ་གླིང་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད། ལོ་ངོ70རིང་ལ་ཀྲུང་གོའི་མཇུག་མཐའི་འཛད་སྤྱོད་ཀྱིས་འཛམ་གླིང་འཛད་སྤྱོད་འཕར་ཚད་ལ་ལོ་རེར་ཆ་སྙོམས་ཀྱི་བྱས་རྗེས་བཞག་ཚད་འཛམ་གླིང་གི་ཨང་དང་པོ་རེད། རྒྱལ་སྤྱིའི་འདྲི་རྟོག་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། མ་འོངས་པའི་ལོ10ཡི་རིང་ལ། གོ་ལ་ཡོངས་ནས་ཨ་སྒོར་གཅིག་གི་འཛད་སྤྱོད་བྱས་ན་དེའི་ཁྲོད12%ནི་ཀྲུང་གོའི་འཛད་སྤྱོད་པའི་བྱས་རྗེས་ལས་ཐོན་པ་རེད།

ཚོང་དོན་པུའུ་ཟོང་སྐྱེལ་ཐོན་ལས་སྐུལ་འདེད་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲེན་ལི་ཧྥིན་གྱིས་བཤད་རྒྱུར“ཀྲུང་གོའི་འཛད་སྤྱོད་ཁྲོམ་རར་འགྱུར་བ་གཏིང་ཟབ་བྱུང་བཞིན་པ་འདི་ནི་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ལ་རྒྱུན་མཐུད་སྐུལ་འདེད་དང་། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་གཉིས་གཅིག་གྱུར་འཆར་འགོད་དང་འཛད་སྤྱོད་ཀྱི་སྒྲིག་སྲོལ་ནང་རྐྱེན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བའི་རྐྱེན”རེད་ཟེར། ། 


  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་ལས་གཞི་བདེ་བླག་ངང་སྤེལ།
  • ལེ་ཚན་རྗེས་མ།:《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།