ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ5.7%འཕར་བ།

    མི་དམངས་དྲ་བའི་འཕྲིན།    2016-12-16

      ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་བཅུ་གཅིག་པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར11491ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས3.1%འཕར་ཡོད་པ་རེད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར148250ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས5.7%འཕར་བ་དེ་ལོ་འགོའི་སྔོན་རྩིས་ཀྱི94.3%ཟིན་ཡོད། དེའི་ནང་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར68263ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས5.3%འཕར་བ་དང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་རིམ་པ་དེ་གའི་ཡོང་འབབ་སྒོར་དུང་ཕྱུར79987ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས6%འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར122326ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས6%འཕར་བ་དང་དཔྱ་ཁྲལ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར25924ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས4.5%འཕར་ཡོད་པ་རེད།

     ཟླ་དང་པོ་ནས་བཅུ་གཅིག་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར165839ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས10.2%འཕར་ཡོད། རྒྱལ་ཡོངས་ནོར་སྲིད་ཀྱི་གཏོང་སྒོ་གཙོ་བོའི་རྣམ་གྲངས་ལག་བསྟར་བྱས་ཚུལ་ལ་གཞིགས་ན། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར24628ཟིན་པ་དེ13.3%འཕར་བ་དང་། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་དུང་ཕྱུར5256ཟིན་པ་དེ15.3%འཕར་བ། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ་སྒོར་དུང་ཕྱུར11975ཟིན་པ་དེ18.9%འཕར་བ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར19866ཟིན་པ་དེ16%འཕར་བ། སྡོད་ཁང་འགན་ལེན་གྱི་གཏོང་སྒོ་སྒོར་དུང་ཕྱུར5386ཟིན་པ་དེ11%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར19504ཟིན་པ་དེ29.6%འཕར་བ་བཅས་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་གི་འཐུས་མིར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཀྲུང་གོའི་རྒྱལ་ནང་དུ་སྣུམ་གྱི་རིན་གོང་ལོ་མཇུག་ཚུན་ལ་ཐེངས་དགུ་པ་སྤར་ནས་ལོ་བཞིའི་རིང་གི་འཕར་ཚད་ཆེ་ཤོས་བཏོད་པ།
  • དོ་སྣང་ཆེ་བའི་རྩོམ།