ཞི་ཅིན་ཕིང་གིས་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་གི་འཐུས་མིར་མཇལ་འཕྲད་གནང་།

    མི་དམངས་དྲ་བ།    2016-12-14

ཞི་ཅིན་ཕིང་གིས་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་གི་འཐུས་མིར་མཇལ་འཕྲད་གནང་།

       སྤྱི་ཟླ12པའི་ཚེས12ཉིན། སྐབས་དང་པོའི་རྒྱལ་ཡོངས་དཔལ་ཡོན་ཁྱིམ་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་ནས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་གི་འཐུས་མིར་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ང་ཚོས་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་བྱ་དགོས་པ་དང་། འབད་པ་ཆེན་པོས་ཁྱིམ་ཚང་ཁྲི་སྟོང་མང་པོ་དེ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྨང་གཞིར་འགྱུར་དུ་བཅུག་དགོས་པ་དང་མི་རྣམས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་སར་འགྱུར་དུ་བཅུག་དགོས། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་སྐུལ་སློང་བྱས་ཏེ། རྒྱལ་གཅེས་ཁྱིམ་གཅེས་དང་ཕན་ཚུན་ལ་བརྩེ་ཞིང་བྱམས་པ། ཡར་ཐོན་བརྩོན་གཉེར། མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་དཔལ་ཡོན་གྱི་དར་སྲོལ་བཟང་པོ་ཆགས་པར་སྐུལ་འདེད་གཏང་དགོས་ཞེས་བསྟན། །

  • ལེ་ཚན་སྔོན་མ།:ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་ཆ་འཕྲིན་ཅན་གྱི་འཆར་འགོད་ལས་འབད་འཐབ་བྱེད་ཕྱོགས་དྲུག་གཏན་ལ་ཕབ།
  • ལེ་ཚན་རྗེས་མ།:ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ5.7%འཕར་བ།
  • དོ་སྣང་ཆེ་བའི་རྩོམ།