2030ལོར་སླེབས་དུས་རང་རྒྱལ་གྱི་ངལ་རྩོལ་ནུས་པ་ལྡན་པའི་མི་གྲངས་དུང་ཕྱུར9.58ལ་སླེབས་རྒྱུ་ཡིན་པ།

    མི་དམངས་དྲ་བའི་འཕྲིན།    2016-12-16

      ཚེས14ཉིན་ཀྲུང་གོའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་རྒྱལ་ཡོངས་དོན་གཅོད་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་། ཀྲུང་གོའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་རྒྱུན་ལས་ཚོགས་གཙོ་གཞོན་པ་ཝང་ཕེ་ཨན་གྱིས་བཤད་རྒྱུར། ལྔ་བཅུ་གསུམ་པའིདུས་སྐབས་སུ། རང་རྒྱལ་གྱི་ངལ་རྩོལ་ནུས་ཤུགས་སྤྱི་འབོར་ཕུན་སུམ་ཚོགས་ལ། སྤྱི་ཚོགས་གསོ་སྐྱོང་གི་ཁུར་བོ་ཇེ་ཡང་དུ་སོང་བ་དང་། བཙའ་སྐྱེས་རན་པའི་བུད་མེད་ཀྱི་གྲངས་ཀ་ཇེ་ཉུང་སོང་བས། ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། 2015ལོར། རང་རྒྱལ་གྱི་ལོ15ནས་ལོ64བར་གྱི་ངལ་རྩོལ་ནུས་པ་ལྡན་པའི་མི་གྲངས་ནི་དུང་ཕྱུར10.03སླེབས་ཡོད་པ་དང་། 2030ལོ་དང2050ལོར་སླེབས་དུས་ངལ་རྩོལ་པའི་མི་གྲངས་དེ་སོ་སོར་དུང་ཕྱུར9.58དང་དུང་ཕྱུར8.27ལ་ཇེ་ཉུང་དུ་འགྲོ་རྒྱུ་རེད།

      ཝང་ཕེ་ཨན་གྱིས་བཤད་རྒྱུར། 2015ལོར་ཨོ་གླིང་དང་མེ་གླིང་གི་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ལོ15ནས་ལོ64བར་གྱི་ངལ་རྩོལ་པའི་མི་གྲངས་ཀྱི་བསྡོམས་གྲངས་ནི་དུང་ཕྱུར8.26ལས་མེད་པ་དང་། མིག་སྔར། རང་རྒྱལ་གྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་ནི་ཨོ་གླིང་དང་མེ་གླིང་གི་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་བརྒྱད་ཆའི་གཅིག་ལས་ཟིན་མེད་ལ། ཐོན་ལས་རིམ་སྤར་དང་ལག་རྩལ་གསར་སྐྲུན་བྱེད་པ་བརྒྱུད་ངལ་རྩོལ་ཐོན་སྐྱེད་གྱི་ལས་ཕྱོད་ཇེ་ཆེར་གཏོང་བ་ནི་གལ་ཆེན་ཏུ་གྱུར་ཡོད།

      ཁོས་བཤད་རྒྱུར། ལོ་གཅིག་གི་རིང་། ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་དེ་ཁྲིམས་ལྟར་བདེ་བླག་ངང་ལག་བསྟར་བྱས་པ་དང་མང་ཚོགས་ཀྱིས་དགའ་བསུ་དང་སྤྱི་ཚོགས་ཀྱིས་དོ་སྣང་བྱས་པས། སྲིད་ཇུས་ཀྱི་ཕན་ནུས་མངོན་གསལ་ཡིན་ལ་སྔོན་དཔག་གི་ཕན་འབྲས་ཐོན་ཡོད། 2017ལོར་ཀྲུང་གོའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། སློབ་གསོ་དྲིལ་སྒྲོག་དང་སྐྱེ་འཕེལ་བདེ་ཐང་འདྲི་རྟོག ལེགས་སྐྱེས་ལེགས་གསོ་མཛུབ་སྟོན། འཆར་ལྡན་བུ་སྐྱེས་ཁྱིམ་ཚངལ་རོགས་སྐྱོར། ཁེ་ཕན་སྲུང་སྐྱོང་དང་འཁོར་རྒྱུག་མི་སྣ་ལ་ཞབས་ཞུ་སོགས་ཀྱི་ལས་འགན་གཙོ་བོ6ལག་བསྟར་བྱ་རྒྱུ་ཡིན་ཟེར། 


  • ལེ་ཚན་སྔོན་མ།:ཀྲུང་གོའི་རྒྱལ་ནང་དུ་སྣུམ་གྱི་རིན་གོང་ལོ་མཇུག་ཚུན་ལ་ཐེངས་དགུ་པ་སྤར་ནས་ལོ་བཞིའི་རིང་གི་འཕར་ཚད་ཆེ་ཤོས་བཏོད་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་དགུ་པ་ཁྲེན་ཏུའུ་རུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།