ངའི་ཐབ་ཚང་།

འབའ་ར་འབྱུང་ཆོས།        2019-10-10

དུས་རབས་གསར་བའི་ཐབ་ཚང་དྲོན་མོ་ཞིག་གི་ཕ་ཁྱིམ་ལ།

དམར་པོ་མེ་ལྕེ་འདྲ་བའི་དར་དམར་ཞིག་ཨ་སྔོན་དགུང་ལ་

བསྙེགས་འདྲ།

འདི་ནི་ཕ་མེས་ཡང་མེས་ཀྱིས་ང་ཚོ་ལ་བཞག་པའི་སྙིང་སྟོབས་དང་སྤོབས་

པ་ཡིན།

རྫོགས་ལྡན་གྱི་ཞིང་ཁམས་ལྟ་བུ་གོ་ལའི་ཡར་ན་མེད།

འདི་ནི་མེས་པོ་གོང་མ་དག་གིས་ང་ཚོ་ལ་བྱིན་པའི་མཛེས་སྡུག་གི་

ཁོར་ཡུག་ཅིག་ཡིན།

གནས་འདི་ལ།

ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དང་དཔྱིད་དཔལ་མཛེས་ལྡན་གྱི་མེ་

ཏོག་ཀུན།

གནའ་བོའི་མེས་པོ་ཚོས་བཞག་པའི་ཞིང་ཁམས་ཀྱི་ཕོ་བྲང་པེ་ཅིང་

བྲང་ཁོག་ན་འཛོམས་ཡོད།

འདི་ནི་ཨ་མས་བུ་ལ་སྦྱིན་པའི་བདེ་སྐྱིད་ཀྱི་འཚོ་བ་ཡིན།

ཉོན་ན་ཚིམ་པ་མེད་པའི་ཁུ་བྱུག་གི་གསུང་དབྱངས་ཤིག་ཨ་སྔོན་

དགུང་ལ་གྲགས་སོང་།

འདི་ནི་རང་རྒྱལ་བདེ་སྐྱིད་དར་བའི་རྟེན་འབྲེལ་གྱི་ཁ་གཡང་ཡིན།

རྒྱལ་གླུའི་ངག་སྐད་སྙན་མོ་འཛམ་གླིང་གོ་ལ་ཡོངས་ལ་ཁྱབ་སོང་།

འདི་ནི་རང་རྒྱལ་གྱི་ཕ་ཚ་བུ་རྒྱུད་ཀུན་ལ་བརྗོད་པའི་སྙིང་གཏམ་

ཉག་ཅིག་ཡིན།

འདི་ནི་རྒྱལ་ཡོངས་ཀུན་ལ་འབོད་པའི་ཞི་བདེའི་གླུ་སྐད་སྙན་མོ་

ཞིག་ཡིན།

ཨ་མ་ལགས། མེས་རྒྱལ།

ཁྱེད་ནི་ཐབ་ཚང་ཞིག་གི་ཨ་མ་ཡིན།

ཁྱེད་ནི་བྱ་ཕྲུག་ཞིག་གི་ཁྱིམ་གཞིས་དྲོན་མོ་དེ་ཡིན།

ཁྱེད་ཀྱི་སྐུ་ལུས་ལ་མི་ལོ་སྟོང་གི་ཁྲག་རྒྱུད་འབབ་ཡོད།

ཁྱེད་ནི་མི་རིགས་ང་དྲུག་གི་ལྕགས་ཀྱུའི་ཨ་ལོང་ཡིན།

ཁྱེད་ནི་མི་རིགས་ང་དྲུག་གི་སེམས་ཁོང་གི་ཉི་མ་ཡིན།

མི་རིགས་ང་དྲུག་ནམ་ཡང་ཁྱེད་དང་བྲལ་ཐབས་མེད།

ཁྱེད་ཀྱི་རྨི་ལམ་ལྡུམ་ར་ནང་ལ།

བུང་བ་ངའི་སེམས་པ་འཁོར་སའི་མེ་ཏོག་སྣ་བརྒྱ་བཞད་ཡོད།

ཨ་མ་ལགས། མེས་རྒྱལ།

ཁྱེད་ཀྱིས་བྱམས་བརྩེ་དང་སྙིང་རྗེས་ང་ཚོ་སྐྱོང་།

ཁྱེད་ཀྱི་འཛུམ་མདངས་དང་དགོད་སྒྲ་ནི་ང་ཚོའི་བདེ་སྐྱིད་ཀྱི་འཚོ་

བ་ཡིན།

ཁྱེད་ཀྱི་ངག་དབྱངས་དྲང་པོ་ནི་ང་ཚོ་སློབ་གསོའི་ཁྲོད་དུ་མཚོ་གྲུའི་

གྲུ་ཁེམ་ལྟ་བུ་ཡིན།

ཁྱེད་མེད་ན་ང་ཚོ་ཕ་མཐའ་ན་ཇི་ལྟར་ཕྱིན།

ཨ་མ་ལགས། མེས་རྒྱལ།

ང་ཚོ་ནི་དགུང་ལ་ཁའི་དར་ལྕོག་ཡིན།

ཁྱེད་ནི་ང་ཚོའི་ལམ་ཕྱོགས་སྟོན་མཁན་གྱི་བསིལ་རླུང་འཇམ་པོ་དེ་ཡིན།

མེས་རྒྱལ་ལགས། ཨ་མ།

ངས་སྙིང་དབུས་ནས་ཁྱེད་ཀྱི་ལོ་ངོ་བདུན་ཅུའི་སྐྱེས་སྐར་ལ་

རྟེན་འབྲེལ་ཚད་མེད་ཞུས།

མེས་རྒྱལ་ལགས། ཁྱེད་ཀྱིས་འབའ་བ་སྐྱིད་པའི་ཐོག་ལ།

འབྲུ་སྣ་བང་མཛོད་གང་བའི་སྙེ་མ་སེར་པོ་ས་གཞིས་བརྒྱན།

མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་དབྱར་མཚོ་ལྟར་འཕེལ་བར་གྱུར།

ཁྱེད་ཀྱི་བསིལ་རླུང་འཇམ་པོ་དེས།

འབའ་ཡུལ་གྲོང་སྡེ་ཀུན་ལ་ལྡང་སོང་།

བསིལ་རླུང་འཇམ་པོའི་ཁྲོད་དུ།

སྤྱི་ཚོགས་རིང་ལུགས་ཀྱི་ཟམ་ཆེན་བརྟན་པོ་དེ་ཆུ་བོ་ཐོག་ཏུ་

བཙུགས་ནས།

འབྱོར་འབྲིང་སྤྱི་ཚོགས་དང་དབུལ་སྐྱོང་ལས་དོན་ཆུ་བོ་ཕར་ཁའི་ཐང་

ལ་བསྐྱལ།

ཐང་བདེ་མོའི་ཐོག་ཏུ་ཁྱིམ་གཞིས་དྲོན་མོ་བསྐྲུན་ནས།

ས་ལོག་ཆུ་ལོག་དག་ལ་འཇིགས་སྣང་མེད་པར་གྱུར་སོང་།

བདེ་སྐྱིད་ཀྱི་འཚོ་བ་ནི་རྫོགས་ལྡན་ལྷའི་ཞིང་ཁམས་ལྟར་སྐྱིད་སོང་།

ཨ་མ་ལགས། མེས་རྒྱལ།

ང་ཚོ་ནི་ཁྱེད་ཀྱིས་བྲང་ཁོག་ན་འཚར་ལོངས་བྱུང་དང་འབྱུང་བཞིན་

པ་ཡིན།

ཁྱེད་ཀྱིས་ང་ཚོའི་ཕུགས་བསམ་དང་མདུན་ལམ་ལ་གཤོག་སྒྲོ་

རྐྱོང་གཏོང་བསླབས།

ཁྱེད་ནི་ང་ཚོ་མུན་པའི་ཁྲོད་ཀྱི་སྒྲོན་མེ་ཡིན།

ཁྱེད་ནི་ང་ཚོ་རྒྱང་རིང་ལམ་བུའི་ཁ་ཕྱོགས་ཡིན།

འདི་ནི།

ཁྱེད་ཀྱིས་ང་ཚོ་ལ་སྦྱིན་པའི་སྙིང་སྟོབས་དང་བྱམས་པ་ཡིན།

འདི་ནི།

ཁྱེད་ཀྱིས་ང་ཚོ་ལ་སྦྱིན་པའི་སྙིང་རྗེ་དང་ཐབས་ལམ་ཡིན།

འདི་ནི།

ཁྱེད་ཀྱིས་ང་ཚོ་ལ་སྦྱིན་པའི་ལེགས་སྐྱེས་ཤིག་ཡིན།

ཨ་མ་ལགས། མེས་རྒྱལ།

བཀའ་དྲིན་ཆེ།

ལོ་ངོ་བདུན་ཅུའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་ཞུ།


  • ལེ་ཚན་སྔོན་མ།:རྒྱའི་གནའ་བོའི་སྙན་ངག་བོད་འགྱུར་མ་བཅུ།
  • ལེ་ཚན་རྗེས་མ།:ང་དང་མ་ཡུམ་མེས་རྒྱལ།