ཁ་དང་མིག་ཅེས་པའི་སྙན་ངག

བོད་ཚྭ་ཁུ།        2019-08-23

རླུང་བུ་རྒྱང་དུ་འགྲོ་དུས།།

ང་རང་འགྲོ་འདོད་མ་སོང་།།

རྒྱང་རིང་ལོ་མ་བསམ་དུས།།

ང་རང་འགྲོ་འདོད་བྱུང་སོང་།།


སྡེ་མཐའ་ཁ་བས་གཡོགས་དུས།།

ང་རང་འཁྱག་སྣང་མ་བྱུང་།།

སེམས་ལ་རྨ་ཁ་ཤོར་དུས།།

ང་རང་འཁྱག་སྣང་བྱུང་སོང་།།


བན་ཆུང་སྣང་བས་དེད་དུས།།

རི་ལ་འགྲོ་སྣང་མ་སྐྱེས།།

བགྲེས་པོས་སྤྱན་ཆབ་གཏོར་དུས།།

ང་རང་འགྲོ་དགོས་བསམ་སོང་།།

རི་རྩེར་ཉི་འོད་ཐེབས་དུས།།

ཁྱེད་རང་དྲན་རྒྱུ་མ་བྱུང་།།

ཟླ་བ་ཁེར་འགྲོ་མཐོང་དུས།།

ཁྱེད་ཀྱི་ཞལ་རས་དྲན་བྱུང་།།

ང་རང་སྐྱིད་པོ་ཡིན་དུས།།

གཞན་པར་ཐུགས་སེམས་མ་བྱུང་།།

ང་རང་སྨྲེང་བ་བྱུང་དུས།།

ཐུགས་ཁག་མེད་པ་བསམ་བྱུང་།།


  • ལེ་ཚན་སྔོན་མ།:བདག་གི་གཡང་ཊིའི་རྨི་ལམ།
  • ལེ་ཚན་རྗེས་མ།:ཨ་ཕ་ལགས། སེམས་ཀྱི་གངས་རི།