ནོར་བུ་ཆ་བདུན།

སྦྲ་དུངས་སེམས།        2019-08-16

མེས་པོ།

གསལ་ལ་མི་གསལ་བའི་ཡིག་འབྲུ་ཐར་ཐོར།

ལོ་རྒྱུས་ཀྱི་རྡོ་རིང་ངོས་ན་གྱེན་དུ་འགྲེང་སྟེ།

ང་ཚོ་ལ་མིག་གིས་ཅེར་ནས་སོ་ལྟ་བྱས།

ང་ཚོས་ཡིག་འབྲུ་དེ་དག་ཇི་ལྟར་བཀླགས་ཀྱང་།

ཡིག་འབྲུ་དེ་དག་གི་ངོ་གདོང་རྙེད་པར་དཀའ།

གློག་སྒྲོན།

གློག་སྒྲོན།

མུན་ནག་གི་དབུས་སུ།

ཁེར་རྐྱང་གི་མཛེས་སྡུག་ངོམ་དུས།

ལམ་ཐག་རིང་བོ་ནས་ཡོང་བའི་མགྲོན་པོ་དེ།

ཉམ་ཐག་པའི་ཕྱེ་མ་ལེབ་སྐོར་ཞིག་རེད།

མང་ཆུ།

མང་ཆུ།

སྙན་འཇེབས་ཀྱི་མགྲིན་ངག་མེད་ཀྱང་།

མུན་ནག་གི་དབུས་སུ།

ཅིས་ཀྱང་།

རང་ཉིད་ཀྱི་གླུ་སྐད་སྟོང་དུ་མ་བཅུག

ཟླ་བ།

ཟླ་བ།

གལ་ཏེ་མི་ཞིག་གིས།

ཁྱོད་ཀྱིས་རྒྱུ་སྐར་སྟོང་ཕྲག་ཁྲིད་དེ།

ནམ་མཁར་བཞད་དོན་ཅི།

ཞེས་དྲིས་ན་ཁྱོད་ཀྱིས་ལན་ཅི་ཞིག་འདེབས་རྩིས་ཡོད།

གྲོག་མ།

གྲོག་མ།

ང་ལ་བལྟས་ན།

ཁྱོད་ནི་ལྡབ་འབུམ་འགྱུར་ལས་ཆུང་མོད།

ཁྱོད་ཀྱི་སྡུག་རུས་དང་བརྩོན་པ།

ང་ལ་བལྟས་ནས་བཤད་ན།

ལྡབ་འབུམ་འགྱུར་ལས་ཀྱང་ལྷག

སྒེའུ་ཁུང་།

སྒེའུ་ཁུང་།

ཁྱོད་རང་ཡོད་པས།

ང་མུན་ནག་གི་འཇིག་རྟེན་ལ་སྐྲག་དོན་མེད།

ཉི་འོད་ནམ་ཞིག་ན།

ཁྱོད་ཀྱི་འཁྲིས་སུ་འབབ་རྒྱུ་ཡིན་པ་ཡིད་ཆེས་ཡོད།

རྨི་ལམ།

རྨི་ལམ།

ཁྱོད་ཀྱི་པང་ནས།

ངས་མཚར་སྡུག་གི་འཇིག་རྟེན་དེ།

སྒྱུ་མས་རྟོག་བཟོ་ཡིན་པ་མཐོང་མྱོང་།

ཡིན་ན་ཡང་ང་ཁྱེད་ལ་ཧ་ཅང་དགའ།

  • ལེ་ཚན་སྔོན་མ།:གླུ་ཆུང་པི་ཝང་རང་སྒྲ།
  • ལེ་ཚན་རྗེས་མ།:བསྟོད་མགུར།