ཨ་རིས་ཆོས་ལུཊ་ཀྱི་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-07-23

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གློག་འཕྲིནལྟར་ན།  ཉིན་ཤས་གོང་ཨ་རིའི་ཙུང་ཐུང་གིས་“ཆོས་ལུགས་ཀྱི་གནོད་འཚེ་ཕོག་པའི”ཀྲུང་གོའི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་ཅིང་། དེའི་ཐད་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་སྤྱི་ཚེས་18ཉིན་གྱི་ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་གོར་ཆོས་ལུགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཟེར་བ་མེད་པ་དང་ཨ་རིའི་ཕྱོགས་ཀྱིས་ཆོས་ལུགས་ཀྱི་གནད་དོན་སྤྱད་དེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད། 

ལུའུ་ཁང་གིས་གནས་ཚུལ་སྤེལ་བའི་ནང་བཏོན་པའི་མི་དེ་དག་གིས་སྤེལ་བའི་གཏམ་བརྗོད་ཁ་ཤས་ནི་ནོར་འཁྲུལ་ཚབས་ཆེན་ཡིན་ཞེས་དང་། ཁོང་གིས་ཀྲུང་གོར་ཆོས་ལུགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཡོད་མི་སྲིད། ཀྲུང་གོའི་སྤྱི་དམངས་ལ་ཁྲིམས་ལྟར་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད། ཨ་རི་ཕྱོགས་ཀྱིས‘ཆོས་འཁོར་སྒོམ་སྒྲུབ་’ཀྱི་ལོག་ཆོས་པ་དང་ཀྲུང་གོའི་ཆོས་ལུགས་སྲིད་ཇུས་ལ་དམའ་འབེབས་བྱེད་མཁན་མི་སྣ་གདན་དྲངས་ནས་ཆོས་ལུགས་ཚོགས་འདུ་ཟེར་བ་དེར་ཞུགས་སུ་བཅུག་པ་མ་ཟད། ད་དུང་ཁོང་ཚོ་ཨ་རིའི་འགོ་ཁྲིད་པ་དང་ཐུག་འཕྲད་བྱ་རྒྱུ་བཀོད་སྒྲིག་བྱས་པ་དེ་ནི་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པས་ཀྲུང་གོའི་ཕྱོགས་ཀྱིས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཞིང་། ང་ཚོས་ཨ་རིའི་ཕྱོགས་ལ་ཀྲུང་གོའི་ཆོས་ལུགས་སྲིད་ཇུས་དང་ཆོས་དད་རང་མོས་ཀྱི་གནས་ཚུལ་ལ་ལྟ་སྟངས་ཡང་དག་པ་འཛིན་དགོས་པ་དང་། ཆོས་ལུགས་ཀྱི་གནད་དོན་བེད་སྤྱད་དེ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བརྗོད་ཡོད།


  • ལེ་ཚན་སྔོན་མ།:འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་ཚོན་མེད་ཐང་ཀ་དང་སྦྲ་ནག
  • ལེ་ཚན་རྗེས་མ།:མོ་ཞི་ཁོའི་ཤར་ལྷོའི་རྒྱུད་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ལས་མི་8རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།