མོ་ཞི་ཁོའི་ཤར་ལྷོའི་རྒྱུད་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ལས་མི་8རྐྱེན་ལམ་དུ་ཤོར་བ།

        2019-08-06

  མོ་ཞི་ཁོའི་ཤར་ལྷོའི་རྒྱུད་ཀྱི་ཅིན་ཐ་ན་ལུའོ་ཨའོ་མངའ་སྡེ་ཞིབ་དཔྱོད་ཕྱོགས་ཀྱིས་ཟླ7ཚེས31ཉིན་ལ་ཁྱབ་བསྒྲགས་སྤེལ་ནས་ཉིན་དེར་མངའ་སྡེ་དེ་གར་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི8རྐྱེན་ལམ་དུ་ཤོར་བ་དང་མི2ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་པ་རེད། 

  ཁྱབ་བསྒྲགས་ནང་ཉིན་དེའི་སྔ་དྲོར། མི་སྡོད་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཤིག་མངའ་སྡེ་དེའི་ལྟེ་བའི་གྲོང་ཁྱེར་ཆེ་ཐུའུ་མར་བྱང་རྒྱུད་ལི་མོང་ནེ་སི་གྲོང་རྡལ་གྱི་ཉེ་འགྲམ་དུ་སྐྱོད་སྐབས། ཐོབ་ཐང་མི་གསལ་བའི་དྲག་ཆས་པ་ཁག་ཅིག་གིས་གློ་བུར་དུ་འཇབ་རྒོལ་བྱས་པས་མི་མང་པོ་དེ་གར་རྐྱེན་ལམ་དུ་ཤོར། མིག་སྔར། ས་གནས་དེ་གའི་ཞིབ་དཔྱོད་ཕྱོགས་ཀྱིས་གྱོད་གཞི་བརྟག་དཔྱད་ལས་དོན་སྤེལ་   འགོ་ཚུགས་ཟིན་པ་དང་། རྨས་མ་སྨན་བཅོས་བྱེད་པར་བསྐྱལ་བ་རེད། འབྲེལ་ཡོད་སྡེ་ཁག་གིས་ཉེས་ཅན་འཚོལ་བཞིན་ཡོད། 

ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དོན་རྐྱེན་བྱུང་སྐབས། དྲག་ཆས་པས་ཟོག་འདྲེན་རླངས་འཁོར་དེར་མེ་མདའ་བརྒྱ་ལྷག་འཕངས་རྗེས་ཡུལ་དངོས་ནས་བྲོས་པ་རེད།


  • ལེ་ཚན་སྔོན་མ།:ཨ་རིས་ཆོས་ལུཊ་ཀྱི་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།
  • ལེ་ཚན་རྗེས་མ།:​ཝང་དབྱི་ཡིས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལང་ལ་ཐུག་འཕྲད་བྱས།
  • དོ་སྣང་ཆེ་བའི་རྩོམ།