མ་ཡུམ་སི་བོད་ལ་ཕུལ་བའི་གཞས་ཆུང་།

སི་ཏུ།        2019-07-10

རིགས་ཀྱི་གཞིས་ཁྱིམ་ཆེན་མོ།

སྐད་ཀྱི་སྲོག་རྩ་དམ་པོ།

ང་ཡི་ཡིད་ཀྱི་སློབ་གླིང་།

སེམས་པ་སེམས་ཀྱིས་ཤེས་དུས།

སི་བོད་ཁྱེད་ལ་བྲལ་དགོས་བྱུང་སོང་།


གཞས་ཀྱི་གླུ་སྐད་འདར་བོ།

ཁྱེད་ཀྱིས་གསན་པ་གནང་རོགས།


འཇིག་རྟེན་གྲུ་ཁ་བརྒྱུད་དུས།

སྙིང་གི་འཕར་རྩ་འགག་སོང་།

གཙུག་ལག་ནོར་བུའི་བུམ་བཟང་།

སེམས་ཀྱི་དཀར་མེ་ཡིན་སོང་།


ང་ཡི་སློབ་དཔོན་དམ་པ།

ང་ཡི་ཡིད་ཀྱི་སློབ་གྲོགས།

སྔོན་ལས་དབང་གིས་འཕྲད་སོང་།


ཕྱི་དྲན་ལོ་ཟླ་དེ་དག

གྱེས་ཁའི་མིག་ཆུ་ཡིན་སོང་།

གསང་བའི་དམ་ཚིག་དམར་བོ།

བརྩེ་བས་གཉོར་སྐྱོང་བྱས་ཡོད།


བཀའ་དྲིན་ཆེ།

མུན་ནག་གི་སྐྱབས་མགོན་ཡིན།

ཁྱེད་ཀྱིས་ང་ཚོར་ཤེས་རབ་བསྩལ་ཏེ།

སྐྱོ་དུབ་ལ་འོད་སྣང་སྟེར།

ཁྱེད་ནི་ང་ཚོའི་གནས་ལུགས་ཀྱི་གཞུང་ཆེན་ཡིན།

ཁྱེད་ནི་ང་ཚོའི་དུང་མདོག་གི་ཟླ་འོད་ཡིན།


ཆགས་ཞེན་གྱི་བདག་པོ།

བརྗེད་མེད་ཀྱི་དྲིན་ཆེན།


རིགས་གཅིག་གི་རྐང་བདག།

འཇིག་རྟེན་གྱི་བྱེད་པོ།

སེམས་སྟེང་གི་ཡབ་ཡུམ།


སེམས་ཀྱི་སི་བོད་སློབ་གྲྭ།

དགའ་དང་དུང་བས་མཇལ་བྱུང་།

གུས་ཤིང་བཀུར་བའི་སློབ་དཔོན།

བརྗེད་མེད་མི་ཚེའི་རྟེན་ཡིན།

  • ལེ་ཚན་སྔོན་མ།:དྲན་པའི་སྤང་ལ་སྐྱོ་བའི་མེ་ཏོག་བཞད།
  • ལེ་ཚན་རྗེས་མ།:དྲན་གདུང་ཁྲོད་ཀྱི་བུ་མོ།
  • རྩོམ་གསར། 10