རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ཚོ་ལ་བསྟོད།

        2019-05-23

     

རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ཚོ་ལ་བསྟོད།

    སྤྱི་ཟླ༥པའི་ཚེས༢༠ཉིན་གྱི་ཕྱི་དྲོར།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚོགས་འདུ་འཚོགས་ནས༢༠༡༨ལོའི་དཔལ་ཡོན་འཆམ་མཐུན་དགོན་པར་མིང་འདོགས་རྟགས་བྱང་སྤྲད་པ་དང་།རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ལ་གཟེངས་བསྟོད་ཀྱང་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་རེད།   ལིའུ་ཁྲེང་མིང་གིས་ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་ཚོས་ཆབ་སྲིད་ཀྱི་རྟོགས་ཚད་ལོན་པ་དང་།སྡོམ་སྲུང་ཉམས་ལེན། མཐུན་སྒྲིལ་ཡར་ཐོན། འགྲོ་ལ་ཕན་པ། ཆབ་སྲིད་ཐོག་བློས་འཁེལ་ཆོག་པ།ཆོས་ལུགས་ཐོག་ཡོན་ཚད་ཆེ་བ། ཀུན་སྤྱོད་ཐོག་ཚང་མས་ཁས་ལེན་ཐོབ་པ།གནད་འགག་གི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཚད་གཞི་ལ་ཞིབ་བསྡུར་ནན་པོ་བྱས་ཏེ་སྣེ་ཁྲིད་དཔེ་སྟོན་ཡག་པོ་བྱེད་པ་དང་།ཏང་དྲིན་དྲན་ཞིང་མེས་རྒྱལ་ལ་དགའ་ཞེན་ཆེ་བ། ཁྲིམས་ལུགས་སྲུང་བ།འབྱོར་འབྲིང་སྐྲུན་པ་བཅས་བྱས་ནས་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕྲོད་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ།དཀར་མཛེས་ཁུལ་དར་རྒྱས་གོང་འཕེལ་ཡོང་བ་དང་ཡུན་སྐྱོང་གཏན་བདེ་ཡོང་བར་བྱས་རྗེས་གང་འོས་གཞག་དགོས་ཞེས་ཐུགས་རེ་གནང་བ་རེད།

     ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚོགས་ཆེན་གཙོ་འགན་བཞེས་པ་དང་།ཁུལ་ཨུའི་རྒྱུན་ཨུ། གསེར་རྟ་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ། ཁུལ་ཨུའི་རྒྱུན་ཨུ།དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཏེང་ལི་ཅུན།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཀྲི་མིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་རྒྱས་བུ་ཕྲུགཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་ལེ་ཅན་ཕིང་བཅས་ཚོགས་ཆེན་དུ་ཞུགས་པ་རེད། 

    ལིའུ་ཁྲེང་མིང་གིས་ཐོག་མར་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན།ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་མཛད་དེ་མིང་འདོགས་རྟགས་བྱང་ཐོབ་པའི་འཆམ་དཔལ་ཡོན་འཆམ་མཐུན་དགོན་པ་དང་གཟེངས་བསྟོད་ཐོབ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ལ་རྟེན་འབྲེལ་ཞུས་པ་རེད།ཁོང་གིས་དཔལ་ཡོན་འཆམ་མཐུན་དགོན་པ་བསྐྲུན་པ་ནི་དགོན་པ་ཚད་ལོན་རིམ་སྤར་བྱེད་པའི་གཞི་འཛིན་ས་གལ་ཆེན་ཡིན་ཞིང་།ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕྲོད་མཐུན་ཡོང་བར་སྣེ་ཁྲིད་བྱེད་པའི་ཐབས་ལམ་གལ་ཆེན་ཡིན་ལ།རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་བྱ་རྒྱུ་ནི་གྲྭ་བཙུན་གྱིས་སྔོན་ཐོན་དང་ཕུལ་བྱུང་བརྩོན་ལེན་བྱེད་པའི་ཐབས་ལམ་གོ་ཆོད་པོ་ཡིན་པས།ལས་དོན་འདི་གཉིས་པོ་ནི་ཕན་ཚུན་སྐུལ་སྤེལ་དང་ཤུགས་རྐྱེན་ཐེབས་རེས་ཡིན་པ་རེད་ཅེས་བསྟན་པ་རེད།ཁོང་གིས༢༠༡༨ལོར་ཁུལ་ཡོངས་ཀྱི་གོང་འོག་ཚང་མ་དང་ལྷག་པར་ཆོས་ལུགས་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་ཏན་ཏིག་བྱས་པ།དགོན་པ་ཁྲིམས་ལྟར་ཁྱོན་ཡོངས་ནས་བདག་གཉེར་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན།ཁུལ་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་ཞི་འཇམ་ཡོང་ཞིང་སྤྱི་ཁོག་གི་འཕེལ་ཕྱོགས་ཡག་པོ་ཡིན་པ་དང་། ལོ་རྒྱུས་རང་བཞིན་དང་གཞི་རྩའི་རང་བཞིན་གྱི་འཕོ་འགྱུར་རིམ་པར་བྱུང་བའི་གྲུབ་འབྲས་རྒྱུན་མཐུད་དེ་སྲ་བརྟན་བྱུང་ཡོད་པ་རེད་ཅེས་གསུངས་པ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན།ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཐབས་ལམ་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕྲོད་མཐུན་ཡོང་བར་སྣེ་ཁྲིད་བྱ་དགོས།གཅིག་ནི་ཆབ་སྲིད་ཐོག་རང་རྟོགས་ངང་མོས་མཐུན་བྱ་དགོས།སེམས་ཐག་གཙང་བཅད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པར་སྲུང་སྐྱོང་བྱ་རྒྱུ་དང་།བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་པ།སེམས་ཐག་གཙང་བཅད་ཀྱིས་མི་རིགས་ཁ་བྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱ་དགོས།ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་ནན་པོ་བྱེད་ཅིང་མཐའ་གཅིག་ཏུ་ཁྲིམས་ལྟར་དགོན་པ་བཅོས་སྐྱོང་དང་གྲྭ་བཙུན་བདག་གཉེར་བྱ་དགོས།ཀྲུང་གོ་གུང་ཁྲན་ཏང་ལ་མོས་མཐུན་དང་མེས་རྒྱལ་རླབས་པོ་ཆེ་ལ་མོས་མཐུན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་མོས་མཐུན་བཅས་ཀྱི་བྱེད་ཤུགས་སྔར་ལས་ཆེ་རུ་གཏང་དགོས།གཉིས་ནི་རིག་གནས་ཐད་བློ་དཀྱེལ་ཡངས་པོ་དང་དཔེ་ལྟོས་དཔྱད་རེས་བྱ་དགོས། ཀྲུང་ཧྭའི་རིག་གནས་དེ་ཆེས་སྲ་ཞིང་བརྟན་པའི་གྲུ་རྡོ་ལྟ་བུ་བྱས་ཤིང་།ཆོས་གཅེས་དང་རྒྱལ་གཅེས་ཟུང་འབྲེལ།ཀུན་སྤྱོད་དང་ཁྲིམས་སྐྱོང་ཟུང་འབྲེལ་བྱས་ནས་ཆོས་ལུགས་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དགེ་མཚན་ཡོད་པའི་ཕན་ནུས་འདོན་དུ་གཞུག་དགོས།ཀྲུང་ཧྭའི་རིག་གནས་དེ་སྲོག་ཤིང་གི་སྲོག་མདའ་ལྟ་བུ་བྱས་ཤིང་།བོད་ཀྱི་རིག་གནས་དང་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཕུལ་དུ་བྱུང་བའི་ཆ་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བྱས་ནས།དུས་རབས་ཀྱི་དགོས་མཁོ་དང་འཚམ་ཞིང་རང་ངོས་གོང་འཕེལ་ཆད་མེད་ཡོང་བའི་སྐྱོན་བྲལ་གྱི་འགྲོ་ལམ་ཞིག་གཏོད་དགོས།ཀྲུང་ཧྭའི་རིག་གནས་དེ་འགྱུར་མེད་ཀྱི་སྙིང་པོའི་ཡང་སྙིང་ལྟ་བུ་བྱས་ཤིང་།ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་སྲུང་བྱེད་པའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས་ལ།ཆོས་ལུགས་ལས་རིགས་ཀྱི་སྤྱི་ཚོགས་འགན་འཁྲི་འདུ་ཤེས་དང་མི་རིགས་ཀྱི་སྤོབས་པའི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས།གསུམ་ནི་སྤྱི་ཚོགས་ལ་རང་རྟོགས་ཀྱིས་འཕྲོད་མཐུན་ཡོང་བ་བྱ་དགོས།དར་སྲོལ་གསར་པ་ལག་ལེན་བྱ་དགོས་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་ཐོས་སྒྲུབ་ཆོས་སྤེལ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ།རང་ཚུགས་རང་གཅུན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཚོན་པར་བྱེད་ཅིང་།རང་རྟོགས་ཀྱིས་རྒྱལ་གཅེས་དང་ལས་བརྩོན། ཡིད་རྟོན།མཛའ་མཐུན་བཅས་ཀྱི་གཞི་རྩའི་བླང་བྱ་ལག་ལེན་བྱ་དགོས།སྲོལ་ཉམས་གསར་པ་མངོན་པར་བྱ་དགོས་ཤིང་།ཆོས་ལུགས་ཀྱི་དགོངས་དོན་དང་འདུལ་ཁྲིམས་ཀྱི་ནང་དུ་སྤྱི་ཚོགས་འཆམ་མཐུན་དང་སྐྱོན་བྲལ་དཔལ་ཡོན།དུས་རབས་ཡར་ཐོན་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་གདིང་ཟབ་བྱ་དགོས།དྲང་ཕྱོགས་ཀྱི་ནུས་པ་ཁྱབ་སྒྲོག་བྱ་དགོས་པ་དང་།ཆོས་དད་མང་ཚོགས་དབུལ་ཐར་འགག་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་པའི་ཁྲོད་དུ་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱ་དགོས།།

   ཤེས་རྟོགས་བྱུང་བར་གཞིགས་ན།《ཁུལ་རིམ་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དཔལ་ཡོན་ཞི་མཐུན་དགོན་པ་གསར་འཛུགས་དང་རྒྱལ་གཅེས་ཁྲིམས་སྲུང་གྲྭ་བཙུན་དཔྱད་འདེམས་ལས་ཀའི་སྐོར་གྱི་ལག་ལེན་བསམ་འཆར》དང་།《༢༠༡༨ལོ་འཁོར་གྱི་ཁུལ་རིམ་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དཔལ་ཡོན་ཞི་མཐུན་དགོན་པ་གསར་འཛུགས་དང་རྒྱལ་གཅེས་ཁྲིམས་སྲུང་གྲྭ་བཙུན་དཔྱད་འདེམས་ལས་ཀའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་ལྟར།རིམ་པ་བཞིན་འོས་སྦྱོར་ཞིབ་དཔྱད་བརྒྱུད་ནས། དར་མདོ་གྲོང་ཁྱེར་རྡོ་རྗེ་བྲག་དགོན་སོགས་དགོན་པ་དོན་དགུ༢༠༡༨ལོ་འཁོར་གྱི་ཁུལ་རིམ་པའི་དཔལ་ཡོན་ཞི་མཐུན་དགོན་པའི་གྲས་སུ་བདམས་པ་དང་།ངག་དབང་རྒྱ་མཚོ་སོགས་ཆོས་ལུགས་མི་སྣ༡༦༨༥ལ༢༠༡༨ལོ་འཁོར་གྱི་ཁུལ་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་གྱི་མཚན་སྙན་ཐོབ་པ་རེད།། 


  • ལེ་ཚན་སྔོན་མ།:གཏམ་བཟང་། རང་ཁུལ་གྱི་ཐང་ག་འདིར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་རྒྱལ་བསྟན་དགེ་རྩ་སློབ་གྲྭས་ལུས་རྩལ་བྱ་འགུལ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།