དཀར་མཛེས་རྫོང་རྒྱལ་བསྟན་དགེ་རྩ་སློབ་གྲྭས་ལུས་རྩལ་བྱ་འགུལ་སྤེལ།

        2019-05-23

དཀར་མཛེས་རྫོང་རྒྱལ་བསྟན་དགེ་རྩ་སློབ་གྲྭས་ལུས་རྩལ་བྱ་འགུལ་སྤེལ།


        སྤྱི་ལོ2019ལོའི་ཟླ5པའི་ཚེས17ཉིན། དཀར་མཛེས་རྫོང་རྒྱལ་བསྟན་དགེ་རྩ་སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་དང་དགེ་རྒན་ཁ་ཤས་ནས་གཙོ་སྒྲུབ་བྱས་པའི༼འགུལ་སྐྱོད་བྱེད་པས་བདེ་སྐྱིད་འབྱུང་། སྦྱོང་བརྡར་བྱེད་པས་ཡར་ཐོན་ཡོང་།༽ཞེས་པའི་ལུས་རྩལ་འགྲན་སྡུར་གྱི་བྱ་འགུལ་སྤེལ་ཡོད་པ་རེད། སློབ་གྲྭའི་དགེ་སློབ་དང་ཁྱིམ་བདག་སོགས་ལྟད་མོར་ཞུགས།

ཐེངས་འདིའི་ལུས་རྩལ་བྱ་འགུལ་ནི་སློབ་གྲྭའི་གྲ་སྒྲིག་འཛིན་གྲྭ་ནས་ལོ་རིམ་དྲུག་པའི་བར་ཚོ་ཆུང་སོ་སོར་བགོས་པ་དང་དགེ་རྒན་རྣམས་ཚོ་ཆུང་དུ་མ་ལ་བགོས་ནས་དྲང་བདེན་དྲང་གཞག་དང་། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་སྒོ་ནས་སྤེལ་ཡོད་པ་རེད།


དཀར་མཛེས་རྫོང་རྒྱལ་བསྟན་དགེ་རྩ་སློབ་གྲྭས་ལུས་རྩལ་བྱ་འགུལ་སྤེལ།

སྔ་དྲོའི་ཆུ་ཚོད8ཕྱེད་ཀྱི་ཐོག་ལུས་རྩལ་འགྲན་ཚོགས་འགོ་ཚུགས་ཤིང་སློབ་གཙོ་པདྨ་ཆོས་འཕེལ་ལགས་ཀྱིས་གསུང་བཤད་གནང་། ད་ཐེངས་ཀྱི་ལུས་རྩལ་འགྲན་སྡུར་ལ་སྐེ་ཤུགས་འགྲན་སྡུར་དང་ཐག་ལྡིང་། རྒྱང་རྒྱུག་དང་ཐུང་རྒྱུག  ལུང་པ་བརྒལ་བའི་རྒྱུག་འགྲན་སོགས་འགྲན་སྡུར་རྣམ་གྲངས་ཧ་ལམ་དྲུག་བཅུ་རེ་བརྒྱད་ཙམ་འདུས་ཡོད་པ་རེད།

ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་མཐའ་བར་གསུམ་དུ་ཐལ་མོའི་རྡེབ་སྒྲ། དགོད་སྒྲ། རྒྱལ་ཁ་ཐོབ་པའི་དགའ་འབོད་ཀྱི་སྒྲ་བཅས་ཡང་ཡང་གྲགས་པ་དང་འགྲན་སྡུར་ཧྲིལ་པོར་མཛའ་མཐུན་དང་ཞི་མཐུན་གྱི་རྣམ་པས་ཁེངས་ཡོད།


དཀར་མཛེས་རྫོང་རྒྱལ་བསྟན་དགེ་རྩ་སློབ་གྲྭས་ལུས་རྩལ་བྱ་འགུལ་སྤེལ།

     ལུས་རྩལ་བྱ་འགུལ་འདི་ཕྱི་དྲོའི་ཆུ་ཚོད་གསུམ་པར་མཇུག་སྒྲིལ་བ་དང་དགེ་སློབ་ཚོའི་སྤྲོ་སྣང་དང་ཧུར་བརྩོན། ཡར་རྒྱས་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་མ་ཟད། སློབ་མ་ཚོའི་ལུས་རྩལ་དང་བདེ་ཐང་། དགའ་སྤྲོ་བཅས་ཀྱི་བདེ་ཐང་རྣམ་པ་གང་ལེགས་མངོན་ཡོད།         མཇུག་སྒྲིལ་ཚོགས་འདུའི་ཐོག་སློབ་གྲྭས་བྱ་དགའ་ཐོབ་པའི་མི་སྒེར་དང་འཛིན་གྲྭར་གཟེངས་བསྟོད་དཔང་ཡིག་དང་བྱ་དགའ་སྤྲད་པ་དང་།   སློབ་གཙོ་པདྨ་ཆོས་འཕེལ་ལགས་ཀྱིས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་ཏུ་ན་ཆུང་བྱིས་པ་ཆུང་ཆུང་ཚོ་ནམ་ཡང་ད་ཐེངས་ཀྱི་ལུས་རྩལ་འགྲན་སྡུར་འདི་ལྟ་བུ་ནང་མང་ཙམ་ཞུགས་ནས་སྦྱོང་བརྡར་ཁྲོད་བདེ་ཐང་དང་། དགའ་སྤྲོ། ཡིད་ཆེས་བཅས་ཡོང་རྒྱུའི་རེ་བ་བྱས།


དཀར་མཛེས་རྫོང་རྒྱལ་བསྟན་དགེ་རྩ་སློབ་གྲྭས་ལུས་རྩལ་བྱ་འགུལ་སྤེལ།

    དགེ་རྒན་བརྩོན་འགྲུས་ལགས་ཀྱིས་ཐེངས་འདིའི་ལུས་རྩལ་བྱ་འགུལ་ལ་ཕྱོགས་བསྡོམས་བྱས་ཡོད་པ་དང་། སློབ་མའི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་གྱི་ནུས་པ་དང་དགེ་སློབ་བར་གྱི་མཛའ་བརྩེ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་དངོས་འབྲེལ་བྱུང་ཞིང་། འདིས་དགེ་སློབ་ཡོངས་ལ་སྤྲོ་བ་དང་སེམས་ཤུགས་ཐེབས་ནས་དཀར་མཛེས་རྫོང་རྒྱལ་བསྟན་དགེ་རྩ་སློབ་གྲྭའི་མ་འོངས་པར་སྔར་ལས་འོད་སྟོང་ལྡན་པར་ཡིད་ཆེས་ཟབ་མོ་དང་བཅས་དགོད་སྒྲའི་ངང་མཇུག་ལེགས་པར་གྲུབ་པའོ།།


དཀར་མཛེས་རྫོང་རྒྱལ་བསྟན་དགེ་རྩ་སློབ་གྲྭས་ལུས་རྩལ་བྱ་འགུལ་སྤེལ།

རྒྱལ་བསྟན་དགེ་རྩ་སློབ་ཆུང་གཞུང་ནས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།  


  • ལེ་ཚན་སྔོན་མ།:རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ཚོ་ལ་བསྟོད།
  • ལེ་ཚན་རྗེས་མ།:བོད་ཀྱི་བུ་མོ་ཨ་ཟླ་དང་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་ལས་འབྲེལ།
  • དོ་སྣང་ཆེ་བའི་རྩོམ།