གཏམ་བཟང་། རང་ཁུལ་གྱི་ཐང་ག་འདིར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

བདེ་ཆེན་གྱིས་བསྒྱུར།        2019-05-23

 

གཏམ་བཟང་། རང་ཁུལ་གྱི་ཐང་ག་འདིར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

སྤྱི་ཟླ5པའི་ཚེས20ཉིན། དུས་ཡུན་ཉིན5ཡི་རིང་གི་ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་ཉོ་ཚོང་ཚོགས་འདུ་སྐབས་བཅོ་ལྔ་པ་མཇུག་འགྲིལ་བ་རེད།


གཏམ་བཟང་། རང་ཁུལ་གྱི་ཐང་ག་འདིར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

   རང་ཁུལ་གྱི་ཐང་ག《ཤཱཀྱ་མུ་ནེ་དང་གྲུབ་ཐོབ་གྱ་བཞི》ཞེས་པར“ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་བྱ་དགའ”ཡི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་ནས་སྐབས་འདིའི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་མང་ཚོགས་ཀྱིས་དོ་ཁུར་བྱ་ཡུལ་གཙོ་བོར་གྱུར་ཡོད།


གཏམ་བཟང་། རང་ཁུལ་གྱི་ཐང་ག་འདིར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་སྟེང་རང་ཁུལ་གྱི་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པའི་འགྲན་བསྡུར་ནང་ཞུགས་པའི་བཟོ་རྩལ་ཐོན་རྫས11ལ་བྱ་དགའ་ཐོབ་ཡོད་ཅིང་། འགྲེམ་སྟོན་ཐང་ག《ཤཱཀྱ་མུ་ནེ་དང་གྲུབ་ཐོབ་གྱ་བཞི》ལ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ་དང་། ཐང་ག《གུ་རུ་དྲག་པོ》དང《སྔོན་ལ་ཕྱི》ཞེས་པའི་དོ་ཤལ་ཟངས་བརྐོས་མ། དངུལ་ཆས《བོད་ལུགས་པད་མའི་དངུལ་ལྟིར་གསེར་བྱུག་མ》རྫ་ཐང《རྒྱན་དྲུག་མཆོག་གཉིས་ལས་འཕགས་པ་ཕྱོགས་གླང》ཞེས་པར་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་གྱི་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ་པ་དང་། དེ་མིན་བཤམ་རྫས6ལ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་ཀྱི་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ་པ་རེད། གཞན་ཡང་རང་ཁུལ་གྱི་འགྲེམ་ཁང་གི་འགྲེམ་ཞུགས་ཚོང་པ་གཞན་དག་ལ་སྐབས་འདིའི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་ཡོད་པ་རེད།

གཏམ་བཟང་། རང་ཁུལ་གྱི་ཐང་ག་འདིར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

   《ཤཱཀྱ་མུ་ནེ་དང་གྲུབ་ཐོབ་གྱ་བཞི》འབྲི་མཁན་དབང་འདུས་ཀྱིས་དགའ་སྤྲོའི་ངང་ནས་བཤད་དོན། ད་ལོར་ངའི་བརྩམས་ཆོས་ལ་རིག་གནས་དངོས་མང་སྟོན་ཚོགས་སྟེང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པར་ཁུལ་ཨུ་དང་ཁུལ་སྲིད་གཞུང། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་ང་ཚོར་སྟེགས་བུ་བསྐྲུན་པ་རེད། ཀརྨ་སྒར་བྲིས་བྲིས་ཐང་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས། ཕྱིས་སུ་རང་ཉིད་ཀྱིས་ཐང་ག་འབྲི་སྐབས་ད་དུང་རྒྱུན་ཆད་མེད་པར་གསར་བཟོ་བྱ་རྒྱུ་དང་། ཐང་ག་གཞན་དག་གི་འབྲི་ཐབས་དེ་ཀརྨ་སྒར་བྲིས་ཐང་གའི་འབྲི་ཐབས་ནང་བཅུག་ནས་སྲོལ་རྒྱུན་གྱི་བརྗོད་བྱའི་རྨང་གཞིའི་སྟེང་མི་རིགས་མཐུན་སྒྲིལ་དང་ལོ་རྒྱུས་བཅས་ཀྱི་བརྗོད་བྱ་མངོན་གསལ་དོད་པ། དུས་རབས་ཀྱི་ཚོར་སྣང་མངོན་གསལ་དོད་དུ་བཏང་ནས་ཉོ་མཁན་གྱི་དགའ་བསུ་དེ་བས་ཆེན་པོ་ཐོབ་ཏུ་བཅུག་རྒྱུ་ཡིན།

གཏམ་བཟང་། རང་ཁུལ་གྱི་ཐང་ག་འདིར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

    སྐབས་འདིའི་རིག་གནས་དངོས་མང་སྟོན་ཚོགས་སྟེང་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པ་དང་། དཀར་མཛེས་འགྲེམ་ཁང་ལ་ཕུལ་བྱུང་འགྲེམ་སྟོན་བྱ་དགའ་ཐོབ་ཡོད་པ་རེད། ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་འགྲེམ་སྟོན་ནང་ཞུགས་མཁན་གྱི་ཕུལ་བྱུང་གི་ལས་ཁུངས་དང་ཕུལ་བྱུང་གི་མི་སྒེར། ཐོན་རྫས་བཅས་ལ་གཟེངས་བསྟོད་བྱས་ཤིང་། རང་ཁུལ་གྱིས་སྒྲིག་པའི་བྱ་དགའ་ཡོངས་རྫོགས་ཀྱི་རྣམ་གྲངས་ནང་དུ་གྲུབ་འབྲས་འབུར་དུ་ཐོབ་ཡོད་པ་རེད། གྲུབ་འབྲས་ཡག་པོ་དེ་འདྲ་ཐོབ་པ་ནི་སྐབས་འདིའི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་དང་ཁུལ་ཨུ། ཁུལ་སྲིད་གཞུང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་རིག་གནས་རྒྱང་སྒྲོག་ཡུལ་སྐོར་ཅུས་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ཡིན་ལ། འགྲེམ་ཞུགས་ཚོང་པ་ཁག་གི་གཞོགས་འདེགས་ཧུར་ཐག་དང་ཁ་འབྲལ་ཐབས་ཡང་མེད་པ་ཡིན། རྗེས་མར་རིག་གནས་མ་ལག་ཞིག་ཏུ་འགྱུར་ནས་ང་ཚོས་ས་ཁུལ་གཞན་དག་གི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོར་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། རང་ཁུལ་གྱི་སྲོལ་རྒྱུན་མི་རིགས་རིག་གནས་སྔར་བས་དར་སྤེལ་གཏོང་བ་དང་། བཅོས་བསྒྱུར་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་བྲིན་ཁ་རྒྱུག་པའི་རིག་གནས་གསར་གཏོད་ཐོན་རྫས་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོན་རྫས་དེ་བས་མང་བ་ཐོན་སྐྱེད་བྱས་ཏེ། རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཡག་པོ་ཡོང་ཆེད་འབད་བརྩོན་བྱེད་དགོས་ཞེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་སངས་རྒྱས་གྲགས་དགེ་ཡིས་དེ་ལྟར་བཤད་པ་རེད།


གཏམ་བཟང་། རང་ཁུལ་གྱི་ཐང་ག་འདིར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚེས19ཉིན་གྱི་ཕྱི་དྲོར། ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པའི་ཕུལ་བྱུང་བཤམ་རྫས་བྱ་དགའ་བསྡུ་བའི་དཔྱད་འདེམས་ནང་ཞུགས་པའི་བརྩམས་ཆོས་ཁྱོན་བསྡོམས2133ཡོད་ཅིང་། བྱ་དགའ་ཐོབ་པའི་བརྩམས་ཆོས681ཡོད་པའི་དེའི་ནང་ཕུལ་བྱུང་རྩོམ་རིག་བྱ་དགའ20དང་"ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་བྱ་དགའ"661(རིགས11)གསེར་གྱི་རྟགས་མའི་བྱ་དགའ198དང་དངུལ་གྱི་རྟགས་མའི་བྱ་དགའ212ཟངས་ཀྱི་རྟགས་མའི་བྱ་དགའ251བཅས་ཐོབ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:དངོས་ལྗོངས་བརྙན་ཕབ་འཁྲབ་ཚན《མཛེས་མའི་ལུང་པ》ཞེས་པ་ཐོག་མར་འཁྲབ།
  • ལེ་ཚན་རྗེས་མ།:རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ཚོ་ལ་བསྟོད།
  • དོ་སྣང་ཆེ་བའི་རྩོམ།