དྲན་པའི་རྟ་ཁྱུ་ཞོགས་པ།

        2019-04-19

དཔྱིད་ཀ་དེར། ང་རང་ཕྱིར་ལ་ལོག་ཡོང་།

ཁུ་བྱུག་གི་གྲེ་འགྱུར་དང་བསྡེབས་ཏེ།

སླར་ཡང་ལྗང་མདོག་གི་རྩྭ་ཐང་དུ་ལོག་ཡོང་།


སྐབས་དེར།

ཨ་ཕའི་སྙིང་གཏམ་གྱི་ཆར་ཟིམ་འཇོ།

ཨ་མའི་ཞལ་འཛུམ་གྱི་མེ་ཏོག་ལྡེམ།

སྤུན་ཟླའི་སྙིང་ཆུང་གི་ལུ་གུ་ལྡིང་།


ཡིན་ནའང་། ད་ལྟ་ང་རང་ཡུལ་གྱར་བ་ཞིག་ཡིན།

དྲན་པའི་རྟ་ཁྱུ་ཞོགས་སའི་ཉག་ག་དེར་ཅེར་ནས།

དྲན་གདུང་གིས་ཟིན་པའི་ཐ་སྙད་ཁ་ཤས།

མིག་ཆུས་ཡང་ཡང་འཁྲུད་དགོས་བྱུང་།


དཔྱིད་ཀ་དེར། ང་རང་ཕྱིར་ལ་ལོག་མྱོང་།

བདག་གི་རྨི་ལམ་དུ་རྨིས་མྱོང་བའི།

ཆུང་དུས་ཀྱི་རྐང་ལམ་ཕྲ་མོ་དེ་བརྒྱུད་ནས……


     རུས་རྐང་གླིང་བུ།


  • ལེ་ཚན་སྔོན་མ།:གསོལ་འདེབས། ཞར་བཀོད་གཅིག
  • ལེ་ཚན་རྗེས་མ།:​ཨ་མ། ངས་རང་ཡུལ་དུ་ལུས་པའི་སྒྲོལ་མ་ལྗང་མོ།