རྒོད་པོ།

འཇམ་ཡི་དམ་རྒྱལ།        2019-01-30

འཕུར་ལམ་ནམ་མཁར་མི་ཤོང་པའི་རྒོད་པོ།

གསེར་གྱི་འདབ་གཤོག་རླུང་གིས་སྒུལ་མ་མྱོང་ཞིང་།

དུས་ཀྱི་ལོ་ཟླ་དག

འོད་ཀྱིས་ཁེངས་པའི་རྒོད་པོའི་གཤོག་

འགྱུར་ལ་ཟད་མཐའ་མེད།

 

འཕུར་ལམ་ནམ་མཁར་མི་ཤོང་པའི་རྒོད་པོ།

ཁུ་བྱུག་གི་མགྲིན་པ་བརྣངས་ཏེ་སྐྱོ་གླུ་གྱེར་མ་ཐུབ།

སྐྱོ་གདུང་གི་གླུ་ངག་གངས་མཐིལ་དུ་སྦས་ཡོད།

 

འཕུར་ལམ་ནམ་མཁར་མི་ཤོང་པའི་རྒོད་པོ།

རྒོད་པོའི་མིག་ཟུང་གིས་ཡངས་པའི་ནམ་

མཁར་མཁྱེན་ཡོད།

རྒོད་པོའི་འདོད་ཡོན་ལྔའི་སྡིག་སྒྲིབ།

རྒོད་པོའི་གཤོག་འགྱུར་གྱིས་གྲོལ་ཡོད།


  • ལེ་ཚན་སྔོན་མ།:རྒྱང་རིང་གི་མེ་ཏོག
  • ལེ་ཚན་རྗེས་མ།:ལོ་སར་བའི་ཤིས་ཚིག