གློ་མདོག་གི་ཕྱེ་མ་ལེབ།

རེ་ནག་པོ།        2018-11-08

དེ་ནི་རོལ་དབྱངས་རུ་ཁག་ཅིག་ལས་བྲོས་བཤོལ་བྱས་པའི
གློ་མདོག་གི་འཕྱོར་ལྭ་གྱོན་པའི་གཞོན་ནུ་མ་ཞིག་རེད།

དེ་ནི་གཡུལ་འཁྲུག་བཀྱེ་བའི་གློག་བརྙན་ཞིག་གི་རྩོད་གཞིར་གྱུར་བའི
གློ་མདོག་གི་རྨ་རས་དཀྲུས་ཤིང་རལ་གྲི་ཐོག་པའི་སྲས་མོ་ཞིག་རེད།

དེ་ནི་གཟུང་འཛིན་གྲངས་མཉམ་པའི་སྙན་ངག་ཅིག་གི་རྗོད་པའི་ངོས་སུ
གློ་མདོག་གི་གཤོག་པ་རྡེབ་པའི་ཕྱེ་མ་ལེབ་འཁྱམ་པོ་ཞིག་རེད།


  • ལེ་ཚན་སྔོན་མ།:འདུས་མཐའི་གླུ།
  • ལེ་ཚན་རྗེས་མ།:གཟའ་མཇུག